ཁྲི་འདུ་ལྷ་མོ།

ཆོས་འཁོར་ཚེ་དཔག་སྐྱབས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-02-16

 

ཁྲི་འདུ་ལྷ་མོ། 
འགྲུལ་བཞུད་ཐེངས་ཤིག་ལ། 
ཕུགས་བསམ་གྱི་ཞིང་ས་དེ་རུ།
ཚེ་སྲོག་གི་ངུ་སྐད་ཐོག་མ་འབྱིན་དུས།
ཡངས་པའི་སྤང་ན་བཞད་པའི་མེ་ཏོག་དང༌།
མ་མའི་ཞལ་དུ་དགོད་པའི་འཛུམ་ཆུང་སོགས།
སྣང་སྲིད་དུ་འོད་འཚེར་བ་མཐའ་དག
ཁྱོད་ཀྱི་ཉམ་ཆུང་ཆུང་གི་ཞལ་ཁྱིམ་དེའི་འོག་ན་ཅི་འདྲའི་གཉོམ་ཆུང་ཨང༌།
 
བདག་སེམས་ལ་དྲོད་ཁོལ་སྦྱིན་པའི་འཆི་མེད་གྲོང་གི་བུ་མོ།
རྨོངས་མུན་དང་འབག་བཙོག་གི་དྲི་མས་སྦགས་པའི་ཡུལ་གྲུ་འདིར།
ཁྱོད་ཀྱིས་ཉི་ཟེར་དང་དཔྱིད་རླུང་སྒུམ་གྱིན།
མེ་ཏོག་གི་ཞལ་ཁ་ཕྱེས་ནས་ཐོན་བྱུང༌།
ཁྱོད་ཀྱིས་བརྩེ་ཞེན་དང་གཏན་འདུན་ཁུར་ཏེ།
འཇའ་ཚོན་གྱི་གུར་ཁང་ཕུབ་ཀྱིན་སླེབས་བྱུང༌།
ཁྲི་འདུ་ལྷ་མོ།
ངས་བླངས་མི་ཚར་བའི་དབྱངས་རྟ་སྙན་མོ།
ངས་བརྗོད་མི་ཚར་བའི་གཏམ་རྒྱུད་རིང་མོ།
ད་དུང༌།   ངས་རྨིས་མི་ཚར་བའི་རྨི་ལམ་ཞིམ་པོ——
ཁྱོད་ནི་ངས་མི་ཡུལ་ནས་རྙེད་པའི་རིན་ཆེན་གཅིག་པུ་ཡིན།

ས་ཆེན་འདིར།
གཡོ་ཁྲམ་དང་ཞེ་སྡང་གི་དུག་རླངས་འཐུལ་དྲག་པས།
བདེན་དོན་གྱི་མགོ་བོ་དགྱེ་དཀའ་ནའང༌།
རེ་བཞག་གི་ཁྲུང་ཁྲུང་དཀར་མོ།
ཁྱོད་ཀྱིས་འབུ་མེ་ལྕེབས་ཀྱི་གཏམ་རྒྱུད་མི་བསྐྱང་བར།
ཁྱོད་ཀྱིས་མྱ་ངན་དང་འོ་དོད་མི་འབྱིན་པར།
རང་དབང་གི་གཤོག་ཟུང་བརྐྱངས་ལ།
བདེ་སྐྱིད་ཀྱི་མཁའ་དབྱིངས་སྙེགས་ཅིག་ཨང༌།
                                                                                                      ༢༠༠༧ལོའི་ཟླ༦ཚེས༡ཉིན།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁྲི་འདུ་ལྷ་མོ།

2011-02-16 ཆོས་འཁོར་ཚེ་དཔག་སྐྱབས། ཀློག་གྲངས། མཆན ཡོད།

 

ཁྲི་འདུ་ལྷ་མོ། 
འགྲུལ་བཞུད་ཐེངས་ཤིག་ལ། 
ཕུགས་བསམ་གྱི་ཞིང་ས་དེ་རུ།
ཚེ་སྲོག་གི་ངུ་སྐད་ཐོག་མ་འབྱིན་དུས།
ཡངས་པའི་སྤང་ན་བཞད་པའི་མེ་ཏོག་དང༌།
མ་མའི་ཞལ་དུ་དགོད་པའི་འཛུམ་ཆུང་སོགས།
སྣང་སྲིད་དུ་འོད་འཚེར་བ་མཐའ་དག
ཁྱོད་ཀྱི་ཉམ་ཆུང་ཆུང་གི་ཞལ་ཁྱིམ་དེའི་འོག་ན་ཅི་འདྲའི་གཉོམ་ཆུང་ཨང༌།
 
བདག་སེམས་ལ་དྲོད་ཁོལ་སྦྱིན་པའི་འཆི་མེད་གྲོང་གི་བུ་མོ།
རྨོངས་མུན་དང་འབག་བཙོག་གི་དྲི་མས་སྦགས་པའི་ཡུལ་གྲུ་འདིར།
ཁྱོད་ཀྱིས་ཉི་ཟེར་དང་དཔྱིད་རླུང་སྒུམ་གྱིན།
མེ་ཏོག་གི་ཞལ་ཁ་ཕྱེས་ནས་ཐོན་བྱུང༌།
ཁྱོད་ཀྱིས་བརྩེ་ཞེན་དང་གཏན་འདུན་ཁུར་ཏེ།
འཇའ་ཚོན་གྱི་གུར་ཁང་ཕུབ་ཀྱིན་སླེབས་བྱུང༌།
ཁྲི་འདུ་ལྷ་མོ།
ངས་བླངས་མི་ཚར་བའི་དབྱངས་རྟ་སྙན་མོ།
ངས་བརྗོད་མི་ཚར་བའི་གཏམ་རྒྱུད་རིང་མོ།
ད་དུང༌།   ངས་རྨིས་མི་ཚར་བའི་རྨི་ལམ་ཞིམ་པོ——
ཁྱོད་ནི་ངས་མི་ཡུལ་ནས་རྙེད་པའི་རིན་ཆེན་གཅིག་པུ་ཡིན།

ས་ཆེན་འདིར།
གཡོ་ཁྲམ་དང་ཞེ་སྡང་གི་དུག་རླངས་འཐུལ་དྲག་པས།
བདེན་དོན་གྱི་མགོ་བོ་དགྱེ་དཀའ་ནའང༌།
རེ་བཞག་གི་ཁྲུང་ཁྲུང་དཀར་མོ།
ཁྱོད་ཀྱིས་འབུ་མེ་ལྕེབས་ཀྱི་གཏམ་རྒྱུད་མི་བསྐྱང་བར།
ཁྱོད་ཀྱིས་མྱ་ངན་དང་འོ་དོད་མི་འབྱིན་པར།
རང་དབང་གི་གཤོག་ཟུང་བརྐྱངས་ལ།
བདེ་སྐྱིད་ཀྱི་མཁའ་དབྱིངས་སྙེགས་ཅིག་ཨང༌།
                                                                                                      ༢༠༠༧ལོའི་ཟླ༦ཚེས༡ཉིན།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།