ལྷ་སར་འཁྲེང་བ།

འོད་ཟེར་གཤོག་པ་ཐོགས་ཏེ་མཁའ་ལ་འཕུར་དུས།།
ཁྱོད་ནི་གཏན་ཚིགས་སྟོང་གི་རྒྱབ་ལྗོངས་ཡིན་སྐད།།
གཙང་ཞིང་དཀར་བའི་ནང་ཁྲོལ་རྗེན་པར་བསྟན་ནས།།
འབོད་པ་ཐེངས་གསུམ་སྐྱིད་ཆུའི་གཞུང་ལ་བསྐུར་ཡོད།

གདེང་ལ་རི་བོ་འཚོལ་བའི་བདག་གི་གླུ་སྐད།།
དབུས་ཀྱི་པོ་ཏ་ཡིས་གསན་གྱིན་འདུག་ན།།
ཁམས་དང་བརྩེ་བ་སྦྲེལ་བའི་མིག་ཆུ་རྡོག་གཅིག།།
ཡར་སོང་ཇོ་བོ་མཇལ་བའི་རྟེན་དུ་འབུལ་རོགས།

ཁྱོད་ཀྱི་མིང་ཡིག་ཡོལ་བའི་རྒྱབ་ན་ཡོད་དུས།།
བདག་གི་ཁེར་འབུད་རྐང་གླེང་ཐོས་ཀྱིན་ཡོད་ན།།
གཙང་བོའི་རྔུལ་ཁྲག་བཞུར་བའི་སྲང་མདོ་ཞིག་ནས།།
སྲོག་མེད་མེ་ཏོག་སྟོང་གི་མཛེས་སྡུག་འཚོལ་ཆོག།།

ཡ་ཐོག་བཙན་པོའི་རྣམ་ཤེས་འོད་དུ་སྦྲུམ་པའི།།
ཀྱེ་མ་ང་ཡི་བདག་མོ་གང་དུ་ཡོད་དམ།
རིགས་རྒྱུད་མེ་ཏོག་ཤ་དང་རུས་པར་སིམ་པའི།།
གྲོགས་དག་འགུལ་བའི་ཚུལ་ལ་གདུང་སེམས་བསྐྱེད་ཡོད།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལྷ་སར་འཁྲེང་བ།

2011-02-14 རྫ་སྐྱེས་ཕུར་བ། ཀློག་གྲངས། མཆན ཡོད།

འོད་ཟེར་གཤོག་པ་ཐོགས་ཏེ་མཁའ་ལ་འཕུར་དུས།།
ཁྱོད་ནི་གཏན་ཚིགས་སྟོང་གི་རྒྱབ་ལྗོངས་ཡིན་སྐད།།
གཙང་ཞིང་དཀར་བའི་ནང་ཁྲོལ་རྗེན་པར་བསྟན་ནས།།
འབོད་པ་ཐེངས་གསུམ་སྐྱིད་ཆུའི་གཞུང་ལ་བསྐུར་ཡོད།

གདེང་ལ་རི་བོ་འཚོལ་བའི་བདག་གི་གླུ་སྐད།།
དབུས་ཀྱི་པོ་ཏ་ཡིས་གསན་གྱིན་འདུག་ན།།
ཁམས་དང་བརྩེ་བ་སྦྲེལ་བའི་མིག་ཆུ་རྡོག་གཅིག།།
ཡར་སོང་ཇོ་བོ་མཇལ་བའི་རྟེན་དུ་འབུལ་རོགས།

ཁྱོད་ཀྱི་མིང་ཡིག་ཡོལ་བའི་རྒྱབ་ན་ཡོད་དུས།།
བདག་གི་ཁེར་འབུད་རྐང་གླེང་ཐོས་ཀྱིན་ཡོད་ན།།
གཙང་བོའི་རྔུལ་ཁྲག་བཞུར་བའི་སྲང་མདོ་ཞིག་ནས།།
སྲོག་མེད་མེ་ཏོག་སྟོང་གི་མཛེས་སྡུག་འཚོལ་ཆོག།།

ཡ་ཐོག་བཙན་པོའི་རྣམ་ཤེས་འོད་དུ་སྦྲུམ་པའི།།
ཀྱེ་མ་ང་ཡི་བདག་མོ་གང་དུ་ཡོད་དམ།
རིགས་རྒྱུད་མེ་ཏོག་ཤ་དང་རུས་པར་སིམ་པའི།།
གྲོགས་དག་འགུལ་བའི་ཚུལ་ལ་གདུང་སེམས་བསྐྱེད་ཡོད།།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།