ཁྱེད་ཅག་གང་དུ་ཡོད།

ཆོས་འཁོར་ཚེ་དཔག་སྐྱབས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-02-01

                   ——— ཡུལ་ཤུལ་ས་འགུལ་ཆེན་མོར།

མཚན་གྱི་སྨག་རུམ་ཁད་ཀྱིས་གཏོར་ཏེ།
དགུང་ནས་ཁྲི་གདུགས་གསལ་ལེར་འཆར་རན་དུས།
དགུན་གྱི་འཁྱགས་རླུང་མཐའ་རུ་སྤྱུག་ནས།
སྤང་རྒྱན་མེ་ཏོག་ལྷུག་ལྷུག་དགོད་ཙ་ན།
ཨ་ཕའི་ཕུགས་འདུན་གང་གིས་ཞོགས་སོང༌།
ཨ་མའི་འཛུམ་མདངས་སུ་ཡིས་བསུབས་བྱུང༌།
འཇབ་རྒོལ་གློ་བུར་བས། དུས་སྐད་ཅིག་མར་ས་གཞིར་སེར་གས་ཁེབས། རི་བོ་ཡམ་ཡོམ་འདར།
སྐྱིད་པའི་ལྡིང་ཁང་དག་སྐྱ་ཉིལ་དུ་བཏང༌།
གཅེས་པའི་ཚེ་སྲོག་ཀྱང་བེམ་རོ་རུ་བསྒྱུར། ཡུལ་གྲུ་འདིའི་ཁོར་མོ་ཡུག་ན།
ཨ་ཕ ……    ཨ་མ  ……   
བུ་ཆུང་……   བུ་མོ…… 
སྨྲེ་སྔགས་ཀྱི་བྲག་ཅ་མཆེད།  གདུང་སེམས་ཀྱི་ན་བུན་འཁྲིགས། མིག་ཆུ་ཡི་མཚོ་མོ་འཁྱིལ།
གྱང་ཆག་གི་གས་སྲུབས་ཁྲོད་ལུས་པའི་ཁྱེད་ཀྱི་ལག་ཟུང་དང་མིག་མདངས།
ད་དུང་སུས་ཀྱང་ཚོར་མེད་དུ་ཡོད་པའི་དབུགས་ཀྱི་རྒྱུ་བ་ཕྲ་མོ་དག
འདི་ཕྱི་གཉིས་ཀྱི་བར་ན་ངེས་མེད་དུ་འཕག་འཚག་བྱེད་པར་བསམ་ན།
བརྩེ་བ་ཁོ་ན་མཆོད་པ་རུ་བཏེགས་པའི་ང་ཚོ།
ང་ཚོ་ནི་སྐྱེལ་མ་གནང་མཁན་ཡིན་ནམ།   བསུ་བ་བྱེད་མཁན་ཡིན།
སེམས་ཀྱི་ཉེ་ས་ནས་ཁྱེད་རང་ཤོར་བའི་གནས་ཚུལ་དེ།
གནས་ཚུལ་དེ་རླུང་བུ་བཞིན།   བདག་སེམས་དུ་ལྡང་བས།
ལུས་ཡོངས་གྲང་བས་འདར།
ཕྱི་རོལ་ན་མི་སེམས་དང་ཉི་འོད་ལྷན་དུ་འཚེར་ཡང༌།
ཁྱེད་ཀྱི་བཞུད་སྟངས་དེས།   དྲོད་ཁོལ་ཡེ་ནས་མ་ཚོར།
མར་མེ་ཁྲི་ཕྲག་གིས།  རྔམ་མཐུག་པའི་སྡུག་ཡུས་མ་ལུས་བསྲེག་འདོད་ཆེ་ཡང༌།
ཡིག་དྲུག་གི་མགུར་དབྱངས་ཀྱིས།   རྣམ་ཤེས་མང་པོར་བག་ཕེབས་པའི་གསལ་འདེབས་མཛད་ཀྱང༌།
ངའི་སེམས་མགོར་ལྷུང་བའི་མིག་ཆུ་ལ་ཚ་བ་གང་ནས་རྒྱས།
ངའི་མཁའ་དབྱིངས་ཀྱི་ཉི་ཟླ་ཁྱེད་དང་མཉམ་དུ་ནུབ་སོང༌།
ངའི་རི་སུལ་གྱི་གཙང་ཆུ་ཁྱེད་དང་མཉམ་དུ་ཆད་སོང༌།
ངའི་དབྱར་ལྗོངས་ཀྱི་མེ་ཏོག་ཁྱེད་དང་མཉམ་དུ་རྙིད་སོང།
ངའི་ཞལ་ཁྱིམ་ན་འཚེར་བའི་འཛུམ་ཞལ་གྱི་དྭངས་མ་དེའང་ཁྱེད་དང་མཉམ་དུ་ཡལ་སོང༌།
བྱམས་བརྩེ་དང་བློ་ཁོག་མ་རུ་འཁྲུལ་བའི་ས་ཆེན་པོ།
རང་གི་བུ་ཕྲུག་བརླགས་པའི་ལག་དམར་ཡིན་པར་སུ་ཞིག་རློམ
རྔུལ་ཆུ་དང་རེ་བས་བརྩིགས་པའི་གཞིས་ཁྱིམ་དྲོད་མོ།
ཚེ་སྲོག་གི་གཤེད་དུ་བསླངས་པའི་དུར་ཁང་ཡིན་པར་ཇི་ལྟར་འགྲེལ།
མཛེས་སྡུག་ལྡན་པའི་ཕ་ཡུལ།   ཡུལ་ཤུལ།
བདག་གི་སྙིང་ཉེ་བའི་ཕུ་ནུ་མིང་སྲིང༌།
ད་ལྟ་ཁྱེད་ཅག་གང་དུ་ཡོད།
གཏམ་རྒྱུད་ལོ་ཟླར་སིམ་ནས་ཡལ་ཆོག་ཀྱང༌།
སྐྱོ་གདུང་མིག་ཆུར་བསྡེབས་ནས་བཞུར་གང་ནས་ཚར་ཨང་ ------
                                         
                                        2010ལོའི་ཟླ5བར།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁྱེད་ཅག་གང་དུ་ཡོད།

2011-02-01 ཆོས་འཁོར་ཚེ་དཔག་སྐྱབས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།