མི་ལ་རས་པ།

 

རྒྱབ་ཀྱི་གོས་ཐེད་པའི་མི་ལ་རས་པས
རྐང་མགོའི་ལྷམ་ཐེད་པའི་ཁྱི་ར་བ་མགོན་པོ་རྡོ་རྗེ་ལ
འཁོར་བ་ནི་སྡུག་གི་མཚོ་ཡིན   
ཆུང་མ་ནི་མཚོའི་ནང་གི་ཆུ་སྲིན་ཆེ་མ་ཆུང་གསུམ་ཡིན
དེའི་ཁ་རུ་ཤོར་ཚེ་དམྱལ་བའི་འཕྲང་ཡིན་ཞེས་བཤད
 
མཛུབ་མོའི་བར་དུ་དུ་བ་བཙུར་བའི་དགེ་རྒན་གྱིས
འཆང་མཐིལ་དུ་ཝུ་ཆང་བསྡམས་པའི་སློབ་མ་ལ
དུ་བ་ནི་ནམ་མཁའི་སྤྲིན་ཡིན
ཁྱོད་ནི་སྤྲིན་གྱི་ཡང་སྟེང་གི་བྱ་རྒྱལ་རྒོད་པོ་ཡིན
ཝུ་ཆང་ནི་མཛེས་པའི་མཚོ་ཡིན
ང་ནི་མཚོ་ཐོག་ངང་མོ་གཤོག་ཐོགས་དེ་ཡིན
 
མདུན་དུ་གློག་ཀླད་བཞག་པའི་ཁྱོ་གས
ཐབ་དུ་ཨོང་བ་སྒོང་བའི་ཆུང་མ་ལ
ཁྱོད་ནི་ངའི་དཔྲལ་བའི་མིག་ཡིན
མིག་ནང་ལ་གཙག་དགོས་ཟེར་ན་མི་མཐུན་གྱོད་ཡིན
ཁྱོད་ཀྱིས་ལྐོག་ནས་མི་གཞན་དང་དགའ་བོ་བསྒྲིག་མི་སྲིད་དེ
ང་ནི་ཁྱོད་ལ་གནང་བའི་དམར་པོ་སྲོག་ཡིན
 
རྗེ་བཙུན་མི་ལ་རས་པས
ཤྭ་ཁྱི་དང་ཤྭ་བ   ཤྭ་བདའ་གསུམ་ཁྲིད་ནས
ཇོ་མོ་གླང་མའི་རྒྱབ་ལོགས་སུ་ཕེབས་སོང
ང་ཐོན་དུས་རྩྭ་དང་ལྡུམ་བུས་བཀང་བའི་སྒྲུབ་ཕུག
ཙག་དང་སེར་བུས་གཤག་ལ་ཁད་དུ་འདུག

                                    2010  06  16
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མི་ལ་རས་པ།

2011-01-23 གེའུ། ཀློག་གྲངས། མཆན ཡོད།

 

རྒྱབ་ཀྱི་གོས་ཐེད་པའི་མི་ལ་རས་པས
རྐང་མགོའི་ལྷམ་ཐེད་པའི་ཁྱི་ར་བ་མགོན་པོ་རྡོ་རྗེ་ལ
འཁོར་བ་ནི་སྡུག་གི་མཚོ་ཡིན   
ཆུང་མ་ནི་མཚོའི་ནང་གི་ཆུ་སྲིན་ཆེ་མ་ཆུང་གསུམ་ཡིན
དེའི་ཁ་རུ་ཤོར་ཚེ་དམྱལ་བའི་འཕྲང་ཡིན་ཞེས་བཤད
 
མཛུབ་མོའི་བར་དུ་དུ་བ་བཙུར་བའི་དགེ་རྒན་གྱིས
འཆང་མཐིལ་དུ་ཝུ་ཆང་བསྡམས་པའི་སློབ་མ་ལ
དུ་བ་ནི་ནམ་མཁའི་སྤྲིན་ཡིན
ཁྱོད་ནི་སྤྲིན་གྱི་ཡང་སྟེང་གི་བྱ་རྒྱལ་རྒོད་པོ་ཡིན
ཝུ་ཆང་ནི་མཛེས་པའི་མཚོ་ཡིན
ང་ནི་མཚོ་ཐོག་ངང་མོ་གཤོག་ཐོགས་དེ་ཡིན
 
མདུན་དུ་གློག་ཀླད་བཞག་པའི་ཁྱོ་གས
ཐབ་དུ་ཨོང་བ་སྒོང་བའི་ཆུང་མ་ལ
ཁྱོད་ནི་ངའི་དཔྲལ་བའི་མིག་ཡིན
མིག་ནང་ལ་གཙག་དགོས་ཟེར་ན་མི་མཐུན་གྱོད་ཡིན
ཁྱོད་ཀྱིས་ལྐོག་ནས་མི་གཞན་དང་དགའ་བོ་བསྒྲིག་མི་སྲིད་དེ
ང་ནི་ཁྱོད་ལ་གནང་བའི་དམར་པོ་སྲོག་ཡིན
 
རྗེ་བཙུན་མི་ལ་རས་པས
ཤྭ་ཁྱི་དང་ཤྭ་བ   ཤྭ་བདའ་གསུམ་ཁྲིད་ནས
ཇོ་མོ་གླང་མའི་རྒྱབ་ལོགས་སུ་ཕེབས་སོང
ང་ཐོན་དུས་རྩྭ་དང་ལྡུམ་བུས་བཀང་བའི་སྒྲུབ་ཕུག
ཙག་དང་སེར་བུས་གཤག་ལ་ཁད་དུ་འདུག

                                    2010  06  16
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།