བདག་གིས་ཤེས་རབ་བརྡར་ནས་བལྟས་པ་ན།

རྨ་ཆུའི་བསམ་གཏན། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-01-17


              
                        ཤེས་རབ་བརྡར་ནས་བལྟས་པ་ན།།
                         ཕྱོགས་ཀྱི་དགྲ་བོ་བྱ་མ་རྟ།།
                         རྗེས་མེད་རླུང་བུས་བདས་པ་བཞིན།།
                         གར་ལ་ཡལ་བ་མ་ཚོར་བས།།

                        སྤོབས་པའི་གཙུག་ཏོར་གྱེན་དུ་འབར།།
                        བློ་གྲོས་ཟད་པའི་སྐྱེས་པོ་འགའ།།
                        ཚིག་གི་བར་དོའི་དྲ་ལམ་ན །།
                        ཕན་ཚུན་འཁྱུད་དེ་འོ་ཡང་སྦྱོར།།
                        ཡ་མ་བརླ་ཡི་བོད་ཡུལ་ན།།
                        ཟད་ཅིང་ཟད་པའི་ཟ་མ་ཏོག།
                        ཁ་རྐུབ་རྟིབ་ནས་སྣོད་ལྡན་མ།།
                        ཆུ་ལ་འགྲོ་ཚེ་ལག་སྟོང་ཉིད།།
                        ཚོར་བའི་རྩེ་མོ་རང་མོས་མ།།
                        གཅེར་བུར་ལུས་པའི་ངང་ཚུལ་འདི།།
                        བོད་པའི་ནམ་ཟླ་མ་ཤར་བས།།
                        གདང་ལ་རི་བོའི་རྫ་དུག་གིས།།
                        མནར་བ་འདི་གོ་རང་སྐྱོན་ཡིན།།
                        བཀའ་དང་གདམས་པས་མ་མནོད་པའི།།
                        ན་ཆུང་གྲོགས་པོ་སྤོ་ཁ་ཚ།།
                        ཚིག་ལུད་ཕོད་པའི་ནད་སྒྱོ་མ།།
                        གར་ལ་བཏགས་ཀྱང་རྫོབ་ཏོ་ཉིད།།
                        སློབ་རའི་ནང་གི་ར་སྐྱེས་རྣམས།།
                        རེ་བའི་མེ་སོན་གཟིལ་བ་ན།།
                        གར་ལ་བཞུད་དེ་རང་ཁ་གསོ།།
                        སེམས་ཁྲལ་འདི་དག་མི་གོ་ན།།
                        བཤེས་ཀྱི་དྲུང་ལ་འདྲི་རུ་སོང་།།
                        དྲིན་ཅན་ཕ་མའི་བཞིན་རས་ན།།
                        གསང་བའི་ལོ་ཟླ་རབ་རིབ་ཡོད།།
                       ཤེས་ན་ལོ་རྒྱུས་རློན་པ་ཡིན།།
                      འདི་ལས་བཟང་པའི་གཤིན་པ་མེད།།
                      ཡ་བཏགས་ར་བཏགས་འཁྲུག་པའི་རྩོམ།།
                       ད་དུང་མ་འབྲི་ངོ་རེ་ཚ།།
                                         ༢༠༡༠  ༡༢  ༣༡གི་མཚན་མོ་ཤར་རྒྱུག་བྱས་པ་ཨེ་མ་ཧོ།
 

རྩོམ་ཁུངས། རྨ་ཆུའི་བསམ་གཏན་གྱི་ཟིན་བྲིས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བདག་གིས་ཤེས་རབ་བརྡར་ནས་བལྟས་པ་ན།

2011-01-17 རྨ་ཆུའི་བསམ་གཏན། ཀློག་གྲངས། མཆན ཡོད།


              
                        ཤེས་རབ་བརྡར་ནས་བལྟས་པ་ན།།
                         ཕྱོགས་ཀྱི་དགྲ་བོ་བྱ་མ་རྟ།།
                         རྗེས་མེད་རླུང་བུས་བདས་པ་བཞིན།།
                         གར་ལ་ཡལ་བ་མ་ཚོར་བས།།

                        སྤོབས་པའི་གཙུག་ཏོར་གྱེན་དུ་འབར།།
                        བློ་གྲོས་ཟད་པའི་སྐྱེས་པོ་འགའ།།
                        ཚིག་གི་བར་དོའི་དྲ་ལམ་ན །།
                        ཕན་ཚུན་འཁྱུད་དེ་འོ་ཡང་སྦྱོར།།
                        ཡ་མ་བརླ་ཡི་བོད་ཡུལ་ན།།
                        ཟད་ཅིང་ཟད་པའི་ཟ་མ་ཏོག།
                        ཁ་རྐུབ་རྟིབ་ནས་སྣོད་ལྡན་མ།།
                        ཆུ་ལ་འགྲོ་ཚེ་ལག་སྟོང་ཉིད།།
                        ཚོར་བའི་རྩེ་མོ་རང་མོས་མ།།
                        གཅེར་བུར་ལུས་པའི་ངང་ཚུལ་འདི།།
                        བོད་པའི་ནམ་ཟླ་མ་ཤར་བས།།
                        གདང་ལ་རི་བོའི་རྫ་དུག་གིས།།
                        མནར་བ་འདི་གོ་རང་སྐྱོན་ཡིན།།
                        བཀའ་དང་གདམས་པས་མ་མནོད་པའི།།
                        ན་ཆུང་གྲོགས་པོ་སྤོ་ཁ་ཚ།།
                        ཚིག་ལུད་ཕོད་པའི་ནད་སྒྱོ་མ།།
                        གར་ལ་བཏགས་ཀྱང་རྫོབ་ཏོ་ཉིད།།
                        སློབ་རའི་ནང་གི་ར་སྐྱེས་རྣམས།།
                        རེ་བའི་མེ་སོན་གཟིལ་བ་ན།།
                        གར་ལ་བཞུད་དེ་རང་ཁ་གསོ།།
                        སེམས་ཁྲལ་འདི་དག་མི་གོ་ན།།
                        བཤེས་ཀྱི་དྲུང་ལ་འདྲི་རུ་སོང་།།
                        དྲིན་ཅན་ཕ་མའི་བཞིན་རས་ན།།
                        གསང་བའི་ལོ་ཟླ་རབ་རིབ་ཡོད།།
                       ཤེས་ན་ལོ་རྒྱུས་རློན་པ་ཡིན།།
                      འདི་ལས་བཟང་པའི་གཤིན་པ་མེད།།
                      ཡ་བཏགས་ར་བཏགས་འཁྲུག་པའི་རྩོམ།།
                       ད་དུང་མ་འབྲི་ངོ་རེ་ཚ།།
                                         ༢༠༡༠  ༡༢  ༣༡གི་མཚན་མོ་ཤར་རྒྱུག་བྱས་པ་ཨེ་མ་ཧོ།
 

རྩོམ་ཁུངས། རྨ་ཆུའི་བསམ་གཏན་གྱི་ཟིན་བྲིས།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།