རྩེ་ཁོག་གི་མཚན་མོར་བྲིས་པ།

 

ལག་པ་འདར་འདར་ངང་བཏེགས་པའི་གསེར་གྱི་ཕོར་བ་འདི་མཐོང་ན
སེམས་པ་སྐྱོ་སྐྱོ་ངང་རུམ་པའི་དྲན་པའི་རོལ་མོ་འདི་ཐོས་ན
དོ་ནུབ་རྩེ་ཁོག་ན
ང་ལ་མིག་ཆུ་མི་འདུག  ང་ལ་སེམས་ངལ་ཡང་མི་འདུག
 
ནམ་རྒྱུན་ཁ་རོག་གེར་ལུས་པའི་ཁྱོད་ཀྱི་འབྱོར་བ་དེ་བསམ་དུས
ངས་ད་བཟོད་རྩེ་ཁོག་ནི
རང་གི་ཕྱི་ནང་གཅལ་བྱེད་ལ་བཟོས་པའི་ལྕགས་ཀྱི་གྱོན་པོ་དེ་ཡིན་པ་རྟོགས་སོང
 
གཤེར་ཁུས་བཟུང་བའི་ཐ་སྙད་ཀྱི་རྫ་བུམ་ལས་བུད་པའི
མར་ཁུ་ལྟ་བུའི་སེམས་གཤིས་ཀྱི་རྩུབ་རེག་ཡོད་ཚད་ནི
སྔར་བཞིན་འཇམ་ཅག་གེར་འགྲོ་བ་སུ་ལ་གསལ་ཨང
དོན་དམ་རང་གི་སྨྲ་བ་ཡང་མ་རྙེད་པའི་མྱི་རྐྱང་ང
དོ་ནུབ་རྩེ་ཁོག་གི་མགྲོན་པོ་ཁེར་འདུག་དེ་ཡིན་ཨང
 
གཤིས་སུ་མཚན་མོ་ནི་མི་སེམས་ལྷོད་ལ་འབབ་དུས་ཤིག་ཡིན་ཟེར་མོད
དེ་དུས་ནི་ང་ལ་མཚོན་ན་ཡིད་ཆེས་དང་རེ་བ་ཡོད་ཚད་མེ་ཁུང་དུ་བླུགས་ནས
རང་ཉིད་ཀྱི་ནང་སྙིང་བསྲེགས་པ་དང་ཧ་ཅང་མཚུངས་ལ
སྐད་ཆའི་མཚོན་ཐབས་ལ་བཞེངས་པའི་ཡིག་འབྲུ་དག་ཀྱང
མིག་ཀོང་རབ་རིབ་ཅིག་ཏུ་འཁྲུད་ཀྱིན་པའི་སྐབས་སོ
 
དོ་ནུབ་རང་ཤུགས་སུ་ལོག་མལ་མེད་པའི་ཚོར་བ་འདི་སྤྱད་ནས
ངས་ཁྱོད་ལ་དགུན་ཟླ་ཞིག་དང་འདྲ་བའི
གབ་ཚིག་ཅིག་དང་མཚུངས་བའི
རྩེ་ཁོག་གི་མཚན་མོ་ཁོ་ན་རི་མོར་འབྲི་གིན་ཡོད་ལགས
 
                    2010ལོའི་སྤྱི་ཟླ1ཚེས་12ཉིན་གྱི་དགོང་མོར་བྲིས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྩེ་ཁོག་གི་མཚན་མོར་བྲིས་པ།

2011-01-15 རྩེ་སྲས། ཀློག་གྲངས། མཆན ཡོད།

 

ལག་པ་འདར་འདར་ངང་བཏེགས་པའི་གསེར་གྱི་ཕོར་བ་འདི་མཐོང་ན
སེམས་པ་སྐྱོ་སྐྱོ་ངང་རུམ་པའི་དྲན་པའི་རོལ་མོ་འདི་ཐོས་ན
དོ་ནུབ་རྩེ་ཁོག་ན
ང་ལ་མིག་ཆུ་མི་འདུག  ང་ལ་སེམས་ངལ་ཡང་མི་འདུག
 
ནམ་རྒྱུན་ཁ་རོག་གེར་ལུས་པའི་ཁྱོད་ཀྱི་འབྱོར་བ་དེ་བསམ་དུས
ངས་ད་བཟོད་རྩེ་ཁོག་ནི
རང་གི་ཕྱི་ནང་གཅལ་བྱེད་ལ་བཟོས་པའི་ལྕགས་ཀྱི་གྱོན་པོ་དེ་ཡིན་པ་རྟོགས་སོང
 
གཤེར་ཁུས་བཟུང་བའི་ཐ་སྙད་ཀྱི་རྫ་བུམ་ལས་བུད་པའི
མར་ཁུ་ལྟ་བུའི་སེམས་གཤིས་ཀྱི་རྩུབ་རེག་ཡོད་ཚད་ནི
སྔར་བཞིན་འཇམ་ཅག་གེར་འགྲོ་བ་སུ་ལ་གསལ་ཨང
དོན་དམ་རང་གི་སྨྲ་བ་ཡང་མ་རྙེད་པའི་མྱི་རྐྱང་ང
དོ་ནུབ་རྩེ་ཁོག་གི་མགྲོན་པོ་ཁེར་འདུག་དེ་ཡིན་ཨང
 
གཤིས་སུ་མཚན་མོ་ནི་མི་སེམས་ལྷོད་ལ་འབབ་དུས་ཤིག་ཡིན་ཟེར་མོད
དེ་དུས་ནི་ང་ལ་མཚོན་ན་ཡིད་ཆེས་དང་རེ་བ་ཡོད་ཚད་མེ་ཁུང་དུ་བླུགས་ནས
རང་ཉིད་ཀྱི་ནང་སྙིང་བསྲེགས་པ་དང་ཧ་ཅང་མཚུངས་ལ
སྐད་ཆའི་མཚོན་ཐབས་ལ་བཞེངས་པའི་ཡིག་འབྲུ་དག་ཀྱང
མིག་ཀོང་རབ་རིབ་ཅིག་ཏུ་འཁྲུད་ཀྱིན་པའི་སྐབས་སོ
 
དོ་ནུབ་རང་ཤུགས་སུ་ལོག་མལ་མེད་པའི་ཚོར་བ་འདི་སྤྱད་ནས
ངས་ཁྱོད་ལ་དགུན་ཟླ་ཞིག་དང་འདྲ་བའི
གབ་ཚིག་ཅིག་དང་མཚུངས་བའི
རྩེ་ཁོག་གི་མཚན་མོ་ཁོ་ན་རི་མོར་འབྲི་གིན་ཡོད་ལགས
 
                    2010ལོའི་སྤྱི་ཟླ1ཚེས་12ཉིན་གྱི་དགོང་མོར་བྲིས།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།