བདག་གི་མིག་ཆུ། བདག་གི་བ་ཡན་པ།

གླིང་བུ།༼མཚོ་ཤར༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-01-05

 

ཁྱོད་ཀྱིས་རྡོ་བའི་རི་རབ་ཅིག་དྲུད་ནས་འོངས
ཁྱོད་ཀྱིས་ཁྲག་གི་ཆུ་རྒྱུན་ཞིག་བཅུས་ནས་འོངས
ཁྱོད་ལ་སྲིད་པའི་གངས་དང་མཉམ་པའི་ན་ཚོད་ཡོད
ཁྱོད་ལ་གཙང་མོ་ཆུ་བཞིན་རིང་བའི་བྱུང་འདས་ཡོད
 
བཙན་པོའི་བཀའ་ལུང་སྐྱོར་ས་ནས
ཁྱོད་ཀྱིས་གཞི་ནས་ཕ་ཁྱིམ་རྙེད
ཕ་ཁྱིམ་དྲོན་མོ་རྙེད
དེ་ནས་བཟུང་མདའ་མོ་གླག་སྒྲོ་མ་དེའང་
ཁྱོད་ཀྱི་རྒྱན་ཆར་གྱུར  
དར་ཆེ་བའི་རྒྱན་ཆར་གྱུར
 
སྤྲིན་དཀར་ནག་གི་འགལ་འདུ་མང་ པོ་བརྒལ་རྗེས
ཁྱོད་རང་ཕངས་སེམས་མེད་པའི་ངང་ག་ལེར་འགྱེལ་སོང
བཙན་པོའི་དམག་རྟ་འགྱེལ་སོང  བཙན་པོའི་ཕྲུ་མ་འགྱེལ་སོང
འགྱེལ་ཚུལ་འདི་སུས་ཡིད་ལ་བཏབ་པའི་བཟི་སྨན་བཞིན
 
གནའ་སྔ་མོར
ཙོང་ཆུའི་རྒྱུད་དུ་ཁྲག་གི་རྐང་རྗེས་བརྐོས་ནས་གནམ་ས་བསྲེས
དུས་དེ་རིང་
ཙོང་ཆུའི་རྒྱུད་དུ་སྲིད་པའི་མདའ་གཞུ་བོར་ཏེ་གང་ལ་འགྲོ
 
སྲིད་པའི་མདའ་གཞུ་བོར་ས་ནས་མ་གཞི་རང་ཉིད་བོར
མི་ཕོ་དཔུང་རྗེན་དག་གི་རུས་རྐང་བོར
རུས་རྐང་ལ་སིམ་པའི་གཡའ་མ་ལྟ་བུའི་ཨུ་ཚུགས་བོར
 
མིན་མིན   ད་ལྟ་ཁྱོད་རང་སྲིད་པའི་གནས་བདག་མིན
ཡིན་ན་ཁྱོད་རང་ལྷིང་འཇགས་ཀྱིས་འཆི་མི་སྲིད
ཆེས་ཉམ་ཆུང་ཡང་ཆེས་རླབས་ཆེ་བའི་ངང
བླ་འབོད   བླ་འབོད་ཐེངས་གཅིག་བྱེད་སྲིད
 
དགུང་ལོ་བགྲེས་པའི་བ་ཡན་པ
ལོ་ན་ཆུང་བའི་བ་ཡན་པ
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བདག་གི་མིག་ཆུ། བདག་གི་བ་ཡན་པ།

2011-01-05 གླིང་བུ།༼མཚོ་ཤར༽ ཀློག་གྲངས། མཆན ཡོད།

 

ཁྱོད་ཀྱིས་རྡོ་བའི་རི་རབ་ཅིག་དྲུད་ནས་འོངས
ཁྱོད་ཀྱིས་ཁྲག་གི་ཆུ་རྒྱུན་ཞིག་བཅུས་ནས་འོངས
ཁྱོད་ལ་སྲིད་པའི་གངས་དང་མཉམ་པའི་ན་ཚོད་ཡོད
ཁྱོད་ལ་གཙང་མོ་ཆུ་བཞིན་རིང་བའི་བྱུང་འདས་ཡོད
 
བཙན་པོའི་བཀའ་ལུང་སྐྱོར་ས་ནས
ཁྱོད་ཀྱིས་གཞི་ནས་ཕ་ཁྱིམ་རྙེད
ཕ་ཁྱིམ་དྲོན་མོ་རྙེད
དེ་ནས་བཟུང་མདའ་མོ་གླག་སྒྲོ་མ་དེའང་
ཁྱོད་ཀྱི་རྒྱན་ཆར་གྱུར  
དར་ཆེ་བའི་རྒྱན་ཆར་གྱུར
 
སྤྲིན་དཀར་ནག་གི་འགལ་འདུ་མང་ པོ་བརྒལ་རྗེས
ཁྱོད་རང་ཕངས་སེམས་མེད་པའི་ངང་ག་ལེར་འགྱེལ་སོང
བཙན་པོའི་དམག་རྟ་འགྱེལ་སོང  བཙན་པོའི་ཕྲུ་མ་འགྱེལ་སོང
འགྱེལ་ཚུལ་འདི་སུས་ཡིད་ལ་བཏབ་པའི་བཟི་སྨན་བཞིན
 
གནའ་སྔ་མོར
ཙོང་ཆུའི་རྒྱུད་དུ་ཁྲག་གི་རྐང་རྗེས་བརྐོས་ནས་གནམ་ས་བསྲེས
དུས་དེ་རིང་
ཙོང་ཆུའི་རྒྱུད་དུ་སྲིད་པའི་མདའ་གཞུ་བོར་ཏེ་གང་ལ་འགྲོ
 
སྲིད་པའི་མདའ་གཞུ་བོར་ས་ནས་མ་གཞི་རང་ཉིད་བོར
མི་ཕོ་དཔུང་རྗེན་དག་གི་རུས་རྐང་བོར
རུས་རྐང་ལ་སིམ་པའི་གཡའ་མ་ལྟ་བུའི་ཨུ་ཚུགས་བོར
 
མིན་མིན   ད་ལྟ་ཁྱོད་རང་སྲིད་པའི་གནས་བདག་མིན
ཡིན་ན་ཁྱོད་རང་ལྷིང་འཇགས་ཀྱིས་འཆི་མི་སྲིད
ཆེས་ཉམ་ཆུང་ཡང་ཆེས་རླབས་ཆེ་བའི་ངང
བླ་འབོད   བླ་འབོད་ཐེངས་གཅིག་བྱེད་སྲིད
 
དགུང་ལོ་བགྲེས་པའི་བ་ཡན་པ
ལོ་ན་ཆུང་བའི་བ་ཡན་པ
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།