ཕྱེ་མ་ལེབ།

རྨ་ཆུའི་བསམ་གཏན། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-01-03


མེ་ཏོག་གི་འཇིག་རྟེན་དེར་སུ་ཡང་མ་ཐོན
ཐ་ན་བོད་ཀྱི་སྙན་ངག་པའི་སྤྲང་མ་ཡང
ངས་ཐེངས་གང་མང་ལ
ཕྱི་གླིང་བའི་ལུག་ཁྱུར་འདྲིས་པའི་བོད་ཀྱི་ར་མ་འགའ 
ཉིན་ནས་སྲིབས་སུ་བདའ་འདེད་བཏང་ན་ཡང
རྒྱ་དྲམ་ཞིག་གནམ་ལ་ཕྱར་ནས
བརྩེ་བ་འཕྱུར་འོང་ཟེར་བའི་སྤུ་སེར་རྣམས
རྩམ་ཟན་དག་གི་སློག་ཚག་ལས
སྲོ་མ་བཞིན་ཕྱིར་འབུད་དཀའ་བས
མཆོད་ཀོང་སྒྲོན་པའི་མེ་ལྩེ་དེ
ལྷབ་ལྷུབ་ཏུ་གཡོ་བའི་དར་ལྩོག་བཞིན
རི་མཐོ་ས་ནས་ལག་གཡུག་ཏུ་གཏོང་བའི་ཚབ་ཏུ་བཞག
འདྲ་པར་མཐོ་གང་དྲ་གི་འོག་ཤར་དུ
རང་ལས་དམར་བའི་ཚིག་གི་མགུལ་རྒྱན་དེ
བོད་ཀྱི་བྱུ་རུ་བཞིན་དར་སྐུད་དུ་བསྟར
དོན་ལ་ཀུ་ཤུ་དམར་པོ་ཞིག
ལྩགས་ཀྱུ་རུ་བཀལ་ཡོད་པ་མཐོང་ཐུབ།
      ༢༠༡༠   ༡༢    ༢༦གི་མཚན་མོར་བྲིས་སོ།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཕྱེ་མ་ལེབ།

2011-01-03 རྨ་ཆུའི་བསམ་གཏན། ཀློག་གྲངས། མཆན ཡོད།


མེ་ཏོག་གི་འཇིག་རྟེན་དེར་སུ་ཡང་མ་ཐོན
ཐ་ན་བོད་ཀྱི་སྙན་ངག་པའི་སྤྲང་མ་ཡང
ངས་ཐེངས་གང་མང་ལ
ཕྱི་གླིང་བའི་ལུག་ཁྱུར་འདྲིས་པའི་བོད་ཀྱི་ར་མ་འགའ 
ཉིན་ནས་སྲིབས་སུ་བདའ་འདེད་བཏང་ན་ཡང
རྒྱ་དྲམ་ཞིག་གནམ་ལ་ཕྱར་ནས
བརྩེ་བ་འཕྱུར་འོང་ཟེར་བའི་སྤུ་སེར་རྣམས
རྩམ་ཟན་དག་གི་སློག་ཚག་ལས
སྲོ་མ་བཞིན་ཕྱིར་འབུད་དཀའ་བས
མཆོད་ཀོང་སྒྲོན་པའི་མེ་ལྩེ་དེ
ལྷབ་ལྷུབ་ཏུ་གཡོ་བའི་དར་ལྩོག་བཞིན
རི་མཐོ་ས་ནས་ལག་གཡུག་ཏུ་གཏོང་བའི་ཚབ་ཏུ་བཞག
འདྲ་པར་མཐོ་གང་དྲ་གི་འོག་ཤར་དུ
རང་ལས་དམར་བའི་ཚིག་གི་མགུལ་རྒྱན་དེ
བོད་ཀྱི་བྱུ་རུ་བཞིན་དར་སྐུད་དུ་བསྟར
དོན་ལ་ཀུ་ཤུ་དམར་པོ་ཞིག
ལྩགས་ཀྱུ་རུ་བཀལ་ཡོད་པ་མཐོང་ཐུབ།
      ༢༠༡༠   ༡༢    ༢༦གི་མཚན་མོར་བྲིས་སོ།།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།