སློང་མོ་བའི་བསྒྲགས་གཏམ།

དུས་རབས་ཉི་ཤུ་ཡིས་ལོ་ཟླའི་རླབས་རིས།།
སྐྱོ་གར་གྲངས་མེད་ཀྱི་བྱ་བཞག་ཁྲོད་ནས།།
རེ་སྒུག་དྲན་གདུང་གི་ན་བུན་མོད་པོ།།
རབ་རབ་མོག་མོག་གི་ལམ་མཁར་བཞུད་སོང་།།

ལྷད་མེད་བརྩེ་བ་ཡིས་གཙང་བའི་བཞུར་སྒྲ།།
རྡོ་དང་གཤོང་ས་ཡི་བྲང་ཁོག་བརྒྱུད་ནས།།
ཁྱོད་དང་ང་རང་གི་ལས་སྐལ་སྐྱ་བོ།།
གྲགས་མེད་ཁུ་སུམ་གྱི་ངང་ནས་སད་སོང་།།

དྲན་འཛིན་དམར་པོ་ཡི་འཁོར་བསྐྱོད་མྱུར་མོས།།
ཞི་མཛེས་ནང་སྟོང་གི་ཁོར་ཡུག་བསྐྱུར་དེ།།
ཡིད་ཀྱི་སྟོབས་ཤུགས་ཡོངས་གཅིག་དུ་བསྡུས་ནས།།
ལུས་སེམས་ཉིས་ཚོགས་འདི་འགུལ་རྒྱུ་བྱུང་སོང་།།

དམར་པོ་སྙིང་སྟིང་གི་རི་མོ་འདི་དག །
རིག་གསར་ལྟ་བུ་ཡིས་སྲུབ་ཐབས་མེད་ལ།།
རྡོ་རིང་དམར་པོ་འདིས་ཕྱི་ནང་ཀུན་ལ།།
ལོ་རྒྱུས་རིག་གཞུང་གི་མི་མཐའ་བྲལ་སོང་།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སློང་མོ་བའི་བསྒྲགས་གཏམ།

2010-12-29 ཏྰ་ནི་ཅོལ་ཆུང་། ཀློག་གྲངས། མཆན ཡོད།

དུས་རབས་ཉི་ཤུ་ཡིས་ལོ་ཟླའི་རླབས་རིས།།
སྐྱོ་གར་གྲངས་མེད་ཀྱི་བྱ་བཞག་ཁྲོད་ནས།།
རེ་སྒུག་དྲན་གདུང་གི་ན་བུན་མོད་པོ།།
རབ་རབ་མོག་མོག་གི་ལམ་མཁར་བཞུད་སོང་།།

ལྷད་མེད་བརྩེ་བ་ཡིས་གཙང་བའི་བཞུར་སྒྲ།།
རྡོ་དང་གཤོང་ས་ཡི་བྲང་ཁོག་བརྒྱུད་ནས།།
ཁྱོད་དང་ང་རང་གི་ལས་སྐལ་སྐྱ་བོ།།
གྲགས་མེད་ཁུ་སུམ་གྱི་ངང་ནས་སད་སོང་།།

དྲན་འཛིན་དམར་པོ་ཡི་འཁོར་བསྐྱོད་མྱུར་མོས།།
ཞི་མཛེས་ནང་སྟོང་གི་ཁོར་ཡུག་བསྐྱུར་དེ།།
ཡིད་ཀྱི་སྟོབས་ཤུགས་ཡོངས་གཅིག་དུ་བསྡུས་ནས།།
ལུས་སེམས་ཉིས་ཚོགས་འདི་འགུལ་རྒྱུ་བྱུང་སོང་།།

དམར་པོ་སྙིང་སྟིང་གི་རི་མོ་འདི་དག །
རིག་གསར་ལྟ་བུ་ཡིས་སྲུབ་ཐབས་མེད་ལ།།
རྡོ་རིང་དམར་པོ་འདིས་ཕྱི་ནང་ཀུན་ལ།།
ལོ་རྒྱུས་རིག་གཞུང་གི་མི་མཐའ་བྲལ་སོང་།།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།