སེམས་ཀྱི་ན་ཟུག

ཨ་མའི་ཐུགས་སེམས་མཉེས་ཆེད་ཆེ་བ་བརྗོད།།
ཨ་ཁུའི་ངོ་སོ་སྲུང་ཕྱིར་བསྟོད་པ་འབྲི།།
ནུ་བོ་མཁོ་གལ་ཆུང་བས་ཚིག་མཚོན་འདེབས།།
རིས་མེད་སྙོམས་པའི་ལྟ་བ་བརྗེད་དེ་ཐལ།།
 
འགྲོ་བ་སྡུག་ལས་གྲོལ་ཕྱིར་ལྷ་ཁང་བཞེང་།།
མ་འོངས་འདུན་མ་བསམ་སྟེ་སྐྱབས་འཇུག་ཞུ།།
ཡོད་ཚད་ཡིད་བཞིན་འགྲུབ་སླད་གུས་ཕྱག་འཚལ།།
རང་དོན་རང་ལ་མི་བརྟེན་གཞན་བརྟེན་འབུ།།
 
བླ་མ་ཟེར་ནས་མགོ་བོ་ལན་གསུམ་སྒུར།།
དགེ་རྒན་ཟེར་ནས་རྐང་བས་ཐེངས་གསུམ་རྫི།།
སློབ་མ་ཟེར་ནས་སྙིགས་མའི་གྲས་སུ་འདེབས།།
བཟང་ངན་ཞིབ་ཏུ་མི་དཔྱད་རི་བོང་ཅལ།།
 
རང་གི་དམིགས་ས་རང་གིས་མ་ཚོར་བར།།
རང་གི་མདའ་མོ་རང་གིས་འཕངས་པ་ཡིས།།
རང་སྙིང་དུམ་བུ་རང་གིས་མི་འདོད་ཀྱང་།།
རང་ཚུགས་མ་ཐུབ་རང་ལུས་དབང་མེད་འགྱེལ།།
 
མི་ལ་མི་ལས་ལྷག་པ་མི་སེམས་ལ།།
དགེ་ཆོས་དགེ་ལ་འབད་པ་དགེ་ལས་ལྡོག།
རང་གྲོལ་རང་ཤི་བརྒྱབ་པ་རང་དོན་ཟེར།།
རང་རིགས་རང་སྡང་བ་རང་གི་གྱོང་།།
      ༢༠༠༩.༡༠.༧ལ་ཕ་ཡུལ་དུ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སེམས་ཀྱི་ན་ཟུག

2010-12-29 བྱང་ཁུ་ལོ། ཀློག་གྲངས། མཆན ཡོད།

ཨ་མའི་ཐུགས་སེམས་མཉེས་ཆེད་ཆེ་བ་བརྗོད།།
ཨ་ཁུའི་ངོ་སོ་སྲུང་ཕྱིར་བསྟོད་པ་འབྲི།།
ནུ་བོ་མཁོ་གལ་ཆུང་བས་ཚིག་མཚོན་འདེབས།།
རིས་མེད་སྙོམས་པའི་ལྟ་བ་བརྗེད་དེ་ཐལ།།
 
འགྲོ་བ་སྡུག་ལས་གྲོལ་ཕྱིར་ལྷ་ཁང་བཞེང་།།
མ་འོངས་འདུན་མ་བསམ་སྟེ་སྐྱབས་འཇུག་ཞུ།།
ཡོད་ཚད་ཡིད་བཞིན་འགྲུབ་སླད་གུས་ཕྱག་འཚལ།།
རང་དོན་རང་ལ་མི་བརྟེན་གཞན་བརྟེན་འབུ།།
 
བླ་མ་ཟེར་ནས་མགོ་བོ་ལན་གསུམ་སྒུར།།
དགེ་རྒན་ཟེར་ནས་རྐང་བས་ཐེངས་གསུམ་རྫི།།
སློབ་མ་ཟེར་ནས་སྙིགས་མའི་གྲས་སུ་འདེབས།།
བཟང་ངན་ཞིབ་ཏུ་མི་དཔྱད་རི་བོང་ཅལ།།
 
རང་གི་དམིགས་ས་རང་གིས་མ་ཚོར་བར།།
རང་གི་མདའ་མོ་རང་གིས་འཕངས་པ་ཡིས།།
རང་སྙིང་དུམ་བུ་རང་གིས་མི་འདོད་ཀྱང་།།
རང་ཚུགས་མ་ཐུབ་རང་ལུས་དབང་མེད་འགྱེལ།།
 
མི་ལ་མི་ལས་ལྷག་པ་མི་སེམས་ལ།།
དགེ་ཆོས་དགེ་ལ་འབད་པ་དགེ་ལས་ལྡོག།
རང་གྲོལ་རང་ཤི་བརྒྱབ་པ་རང་དོན་ཟེར།།
རང་རིགས་རང་སྡང་བ་རང་གི་གྱོང་།།
      ༢༠༠༩.༡༠.༧ལ་ཕ་ཡུལ་དུ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།