ཕྱིར་འདང་གི་ཐོབ་ཤོར།

ཆུ་མིག་དགུ་སྒྲིལ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-12-28

མི་ཚེ་ནི་དྲེད་མོང་གི་བྱི་ལོང་བཟུང་བ་བཞིན།
ཐོབ་ཤོར་གྱི་ལས་ཀའི་ཁྲོད་ཚར་གྱིན་ཡོད།
ལོ་རྒྱུས་ཀྱིས་ང་ཚོ་ལ་ཐོབ་ཤོར་གྱི་གནས་ལུགས་བསྩལ།
ང་ཚོས་ལོ་རྒྱུས་ལ་ཅི་ཞིག་བསྩལ་རྒྱུ།

རྫིགས་ཉམས་དོད་པོའི་འགྲུལ་བཞུད་སྣེ་ན།
ཐོབ་ཤོར་གྱི་ཡང་ལྗིད་འཇལ་ཚར།
ཁ་སང་གི་གཏམ་རྒྱུད་རྗེས་ན།
མང་པོ་མང་པོ་ཞིག་ཐོབ་ལ།
ཡང་མང་པོ་མང་པོ་ཞིག་ཤོར་ཚར།

དབུས་ལམ་གྱི་ཉི་མ་དེ།
སུ་ཞིག་གི་ཆེད་དུའམ་ཅི་ཞིག་གི་དོན་དུ།
སྐྱ་ལམ་ཕྲ་མོ་དེ་དེད་ནས།
འཇིན་རྟེན་ན་ཆེས་དབེན་པའི་འོད་སྣང་དེ་འཚོལ་དགོས་པ་རེད།
ཡང་ཅིག་བཤད་ན།
ང་ཚོས་འཇིག་རྟེན་མི་རྟག་པ་ལ་གོ་བ་བླངས་ནའང་འགྲིག

རྒྱུད་ལུག་དང་ཐབས་ཆག་གི་ལམ་དེའི་ནང་།
ཕྱིར་སྣུར་གྱི་གོམ་སྒྲ་དེ་ཇེ་མཐོ་ནས་ཇེ་དྲག་རེད།
མ་གཞིར།
ཆེས་ཐོག་མའི་རྒྱལ་ཁ་དེ།
ཆེས་མཐའ་མའི་ཕམ་ཁ་རུ་འགྱུར་དགོས་དོན་ཅི།
ཡང་མིན་ན།
ང་ཚོས་སྐྱེས་བ་སྔོན་མའི་ཚོགས་བསགས་ལ་ངོས་བཟུང་ན་འགྲིག

ང་ཚོས་འཚོལ་དགོས།
ཕྱིར་འོང་མེད་ལོ་ཟླའི་གནས་ལུགས་ལས།
དྲང་བདེན་གྱི་ལོ་རྒྱུས་འཚོལ་དགོས།
ལྷང་འཇགས་ཀྱི་མ་ཎི་རྡོ་འབུམ་དེའི་འོག་གི།
ལོ་ཟླ་ཡིས་བསགས་པའི་ཐོབ་ཤོར་གྱི་རི་མོ་འཚོལ་དགོས།
མ་གཞིར།
ཐོབ་ཤོར་ནི་འཇིག་རྟེན་ན་ཆེས་རྒྱུ་འབྲས་མི་བརྩི་མཁན་དེ་རེད།
དུས་རབས་ཉེར་གཅིག་པའི་ནང་བོད་ཀྱི་མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཅུང་ཙམ་ཇེ་བཟང་དུ་སོང་དང་བསྟུན་ནས།བོད་རིགས་སློབ་མའི་ཅུང་འདུས་ཚད་སྟུག་པའི་མི་རིགས་སློབ་ཆེན་འགའི་ནང་དང་མི་སྒེར་སོགས་ཆེད་ལས་ཀྱི་སློབ་གྲྭ་སོགས་འགྲིམས་པ་འགས། བོད་རང་གི་གློག་བརྙན་རིང་ཐུང་ཅི་རིགས་བཏོན་དང་འདོན་བཞིན་ཡོད།བོད་མིའི་དེང་སྐབས་ཀྱི་སྤྱིར་བཏང་གི་འཚོ་བའི་གནས་སྟངས་མཚོན་པ་དང་འཚོ་བའི་ཟ་ཟུར་སོགས་མཚོན་པ།སློབ་མའི་འཚོ་བ་སོགས་མཚོན་པའི་རིགས་མི་འདྲ་བ་མང་པོ་ཞིག་ཡོད།  དེ་བས་རྩོམ་འདི་ལ་གློག་བརྙན་འགའི་མིང་བདམས་ནས། རང་གི་གློག་བརྙན་ལ་བལྟས་བའི་མྱོང་ཚོར་དང་སྦྲེལ་ནས་རྩོམ་ཐུང་འདི་བྲིས་པ་ཡིན།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཕྱིར་འདང་གི་ཐོབ་ཤོར།

2010-12-28 ཆུ་མིག་དགུ་སྒྲིལ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།