མེ་ཏོག་དཀར་དམར་གཉིས།

 

མེ་ཏོག་དཀར་པོ
སྤྲིན་པ་དཀར་པོ་ལྟར
བར་སྣང་ནས་རླུང་གིས་བསྐྱོད་དུས
ཞེན་ཆགས་ལྕི་མོ་ཞིག
དགུན་དུས་ཀྱི་ཁ་བ་བཞིན
ཕ་ཡུལ་གྱི་རི་རྩེར་ལྷུང
 
མེ་ཏོག་དམར་པོ
ཕྱི་དྲོའི་མཚམས་སྤྲིན་ལྟར
ས་སྲོད་ཀྱི་ངོ་གདོང་གཤགས་དུས
སེམས་པ་རྨས་མ་ཞིག
གནམ་སའི་ཧྲག་བར་བཞིན
མུན་ནག་གིས་དལ་བུར་འབྱར
 
མེ་ཏོག་དཀར་དམར་གཉིས
སྐྱ་རེངས་དང་ཉི་ནུབ་ལྟར
འཇིག་རྟེན་ལ་སྔ་གཞུག་ཏུ་བཞད་དུས
ལོ་རྒྱུས་ཧྲིལ་བོ་ཞིག
དཔྱིད་དུས་ཀྱི་དྲོད་གྲང་བཞིན
བུ་རབས་ཚ་རྒྱུད་ཀྱི་གནའ་གཏམ་ལ་གྱུར
                             ༢༠༡༠ལོའི་ཟླ་༡༢པའི་ཚེས་༡༨ལ།

རྩོམ་ཁུངས། མེ་རིའི་པོད་ཁུག

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མེ་ཏོག་དཀར་དམར་གཉིས།

2010-12-27 མེ་རི། ཀློག་གྲངས། མཆན ཡོད།

 

མེ་ཏོག་དཀར་པོ
སྤྲིན་པ་དཀར་པོ་ལྟར
བར་སྣང་ནས་རླུང་གིས་བསྐྱོད་དུས
ཞེན་ཆགས་ལྕི་མོ་ཞིག
དགུན་དུས་ཀྱི་ཁ་བ་བཞིན
ཕ་ཡུལ་གྱི་རི་རྩེར་ལྷུང
 
མེ་ཏོག་དམར་པོ
ཕྱི་དྲོའི་མཚམས་སྤྲིན་ལྟར
ས་སྲོད་ཀྱི་ངོ་གདོང་གཤགས་དུས
སེམས་པ་རྨས་མ་ཞིག
གནམ་སའི་ཧྲག་བར་བཞིན
མུན་ནག་གིས་དལ་བུར་འབྱར
 
མེ་ཏོག་དཀར་དམར་གཉིས
སྐྱ་རེངས་དང་ཉི་ནུབ་ལྟར
འཇིག་རྟེན་ལ་སྔ་གཞུག་ཏུ་བཞད་དུས
ལོ་རྒྱུས་ཧྲིལ་བོ་ཞིག
དཔྱིད་དུས་ཀྱི་དྲོད་གྲང་བཞིན
བུ་རབས་ཚ་རྒྱུད་ཀྱི་གནའ་གཏམ་ལ་གྱུར
                             ༢༠༡༠ལོའི་ཟླ་༡༢པའི་ཚེས་༡༨ལ།

རྩོམ་ཁུངས། མེ་རིའི་པོད་ཁུག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།