བློ་ཁོག་ཁ་ཞེང་དགུ་ཞེང་ཅན།

ལྟོགས་ཅོར་འདྲ་ཞིག་རྣ་ལ་ལྷུང་མོད་བདག་གིས་རྒྱུན་དུ་མ་བརྟག་པས།།
འཚེམས་མེད་གཤིས་ཀའི་འཚེར་ས་འདི་ནས་སྤོབས་ཀྱི་ཕོ་ཚོད་ས་ལ་བརྡབས།།
དཀྱེལ་ཆེ་ཅན་གྱི་གྲོགས་དག་ཞུ་སྟེ་སྤམ་པོ་ཡིན་པའི་ཉམས་སྣང་ཞིག།
དེ་རིང་བདག་གི་མགྲིན་པ་ཚ་ཞིང་དེ་རིང་བདག་གི་ལྟོ་བ་འཁྲིགས།།
 
འོལ་ཚོད་མ་རེད་གདེང་ཚོད་རེད་དམ་དེ་ཀའི་ཕྱོགས་སུ་མི་འགྲོ་ཞིང་།།
འཇགས་ཉལ་མ་རེད་འཇགས་ལངས་རེད་དམ་རླངས་པ་འདྲ་བའི་ཐོ་ཅོ་ཞིག།
དེ་རིང་སྐད་དང་གདེང་གི་དཔྲག་ན་ངོ་སོ་འཛུམ་གྱིས་མི་གདུ་སྟེ།།
རང་མཚང་མ་རེད་གཞན་ཚང་མིན་འདུག་རྟོག་གེར་ཤེས་ན་དེ་བས་ཆོག།
 
ཚ་བ་འཁོལ་བའི་སྤུ་མདོག་དེ་ལ་བདག་གིས་ཚིག་གིས་མི་རྒྱག་སྟེ།།
ཉིད་ཀྱི་ཡོན་ཏན་ཁྱད་ཙམ་མིན་སྟེ་ཨུ་ཚུགས་ལྕགས་ཀྱི་ཟོར་བ་བཞིན།།
སྐད་ཆའི་སྡེབ་ཁ་གཞན་ཞིག་ཡིན་ནམ་གཞན་གྱི་ནང་གི་རྩེ་ཞིག་ཡིན།།
ལོབས་པའི་ཆ་ལ་སྣང་དོགས་མི་དགོས་ཧར་གྱིས་ཤོད་དང་ཁོ་བོས་གསན།།
 
རང་གི་སྐད་ཆ་རང་གིས་བརྡར་ལགས་དེ་འདྲའི་འཚུབ་ཆ་མི་དགོས་ལགས།།
ཁོར་ཡུག་ངན་ཞིང་སྐད་ཆ་བཙོག་པའི་བདག་ལ་ཞྭ་མོ་བསྐོན་ཡོད་མོད།།
ཕྱེད་ཙམ་འདས་པའི་ཁ་ཚིག་ནང་ན་ལན་རེར་ཀུ་རེ་དགོད་གཏམ་མང་།།
བདེན་པ་སྲད་པའི་སྲོག་ཤིང་བཙའ་བོ་ཁོ་བོར་དགའ་སྣང་མི་འདུག་གོ།
 
ཁོ་བོ་རང་ལ་ཕྲག་དོག་ཡོད་མོད་ཁྱོད་དང་བསྡུར་ན་ཐུ་ཞིག་མེད།།
ཁོ་བོ་རང་ལ་ང་རྒྱལ་ཆེ་མོད་ཁྱོད་དང་བསྡུར་ན་ཆེ་ཞིག་མེད།།
ཁྱད་གསོད་ཟེར་བ་ཁྱོད་ཀྱིས་མི་གོ་ཉིད་ཀྱིས་རྒྱུན་དུ་ཁྱད་གསོད་བྱེད།།
མི་གཞི་ཟེར་ན་ཁྱེད་ཀྱིས་མི་མཐོང་ཉིད་ཀྱིས་མི་གཞི་བརླག་གི་ཡོད།།
 
རང་སྐྱོན་མི་མཐོང་གཞན་སྐྱོན་གླེང་བའི་རྣ་ཅོར་ཟད་པའི་གྲོགས་པོ་ལགས།།
ན་ནིང་བདག་གིས་སྐད་ཆ་སྐྱེས་ཤིང་དོ་ཚིགས་བདག་གིས་བརྗེ་སྟངས་སྤྲད།
ཉིད་ཀྱིས་ཉིད་ལ་འཛེམ་དོགས་མི་དགོས་ཧམ་གཤགས་མཁན་གྱི་མཁན་པོ་ལགས།།
སྒྲོལ་བའི་ཐབས་ལ་སྐད་ཆ་རྒྱོབ་དང་བདག་གིས་བལྟ་ཞིང་བདག་གིས་བསུ།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བློ་ཁོག་ཁ་ཞེང་དགུ་ཞེང་ཅན།

2010-12-26 ཞོགས་གཞོན། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།