ཁ་བ་དཀར་པོ།

ཁ་བ་དཀར་པོ།
རྒྱང་རིང་ནས་འཕུར་འོངས་ཤིང་།
རླུང་བུ་ཡིས་ཁ་བ་དེ་ཐག་རིང་ཐག་རིང་དུ་ཁུར་འགྲོ།

ཁ་བ་དཀར་པོ།
རི་སྒང་དུ་འཚང་བའི་རྟ་ནོར་ལུག་གསུམ་གྱི་སྟེང་དུ་བབས་བྱུང་།
ཁ་བ་ཡི་ཁོ་ཚོར་དུང་མདོག་གི་ལྭ་བ་ཞིག་ཀྱང་བཟོས་ཚར།
དཔའ་རྒོད་ཀྱི་རྔོན་པ།
ཆང་ཁང་དུ་འཚང་ནས།
སེམས་ཁོང་གི་དགུན་གཞུང་གྲང་མོ།
ཁ་བ་དཀར་པོའི་ཁྲོད་དུ་སྤྱུགས།

ཁ་བ་དཀར་པོ།
ཐག་རིང་ནས་ཐོན་པའི་འཕྲིན་ཡིག་གི་ཡིག་ཕྲེང་བཞིན།
མིག་ལམ་དུ་ཧ་ཅང་མཛེས།
ཁ་བ་ཡིས་མི་གཙང་བའི་ས་རྡུལ་ལྡག་བཞིན།
ཁ་བ་ལྟར་དཀར་བའི་ཤོག་བུའི་ངོས་སུ།
བགྲང་གིས་མི་ལང་བའི་ནག་ཐིག་འཐེན་བྱུང་།
རང་གཤིས་ཤོར་བའི་ཁ་བ་དེ།
ས་རུ་ལྷུང་བའི་ཁ་བ་དེ།
གནམ་གཤིས་སྔོན་བརྡ་མེད་པར་བབས་བྱུང་།                                                                           
མེ་ལྕེ་ཡི་སྟེང་དུ་བབས་བྱུང་།
ཁ་བ་དེ་སྐྱིད་སྡུག་གི་གཏམ་རྒྱུད་ཅིག་ཀྱང་རེད།

ཁ་བ་དཀར་པོ།
ད་ལོར་གཏན་ནས་བབས་པ་མ་བྱུང་།
ངས་སྔར་བཞིན་མཁའ་དབྱིངས་སུ་བལྟས་ཏེ།
ཁ་བ་ཞིག་གདོང་ལ་བབས་མིན་སྒུག

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁ་བ་དཀར་པོ།

2010-12-26 འབྲུག་ཐར་བྱམས། ཀློག་གྲངས། མཆན ཡོད།

ཁ་བ་དཀར་པོ།
རྒྱང་རིང་ནས་འཕུར་འོངས་ཤིང་།
རླུང་བུ་ཡིས་ཁ་བ་དེ་ཐག་རིང་ཐག་རིང་དུ་ཁུར་འགྲོ།

ཁ་བ་དཀར་པོ།
རི་སྒང་དུ་འཚང་བའི་རྟ་ནོར་ལུག་གསུམ་གྱི་སྟེང་དུ་བབས་བྱུང་།
ཁ་བ་ཡི་ཁོ་ཚོར་དུང་མདོག་གི་ལྭ་བ་ཞིག་ཀྱང་བཟོས་ཚར།
དཔའ་རྒོད་ཀྱི་རྔོན་པ།
ཆང་ཁང་དུ་འཚང་ནས།
སེམས་ཁོང་གི་དགུན་གཞུང་གྲང་མོ།
ཁ་བ་དཀར་པོའི་ཁྲོད་དུ་སྤྱུགས།

ཁ་བ་དཀར་པོ།
ཐག་རིང་ནས་ཐོན་པའི་འཕྲིན་ཡིག་གི་ཡིག་ཕྲེང་བཞིན།
མིག་ལམ་དུ་ཧ་ཅང་མཛེས།
ཁ་བ་ཡིས་མི་གཙང་བའི་ས་རྡུལ་ལྡག་བཞིན།
ཁ་བ་ལྟར་དཀར་བའི་ཤོག་བུའི་ངོས་སུ།
བགྲང་གིས་མི་ལང་བའི་ནག་ཐིག་འཐེན་བྱུང་།
རང་གཤིས་ཤོར་བའི་ཁ་བ་དེ།
ས་རུ་ལྷུང་བའི་ཁ་བ་དེ།
གནམ་གཤིས་སྔོན་བརྡ་མེད་པར་བབས་བྱུང་།                                                                           
མེ་ལྕེ་ཡི་སྟེང་དུ་བབས་བྱུང་།
ཁ་བ་དེ་སྐྱིད་སྡུག་གི་གཏམ་རྒྱུད་ཅིག་ཀྱང་རེད།

ཁ་བ་དཀར་པོ།
ད་ལོར་གཏན་ནས་བབས་པ་མ་བྱུང་།
ངས་སྔར་བཞིན་མཁའ་དབྱིངས་སུ་བལྟས་ཏེ།
ཁ་བ་ཞིག་གདོང་ལ་བབས་མིན་སྒུག

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།