ཁྱེད་དང་ང་ཡི་ཁྱད་ཆོས།

ང་ཡིས་རྩོམ་གཞིས་ཆེན་མོའི་སྒོ་གླེགས་བརྡུང་ནས། །
སེམས་ཀྱི་ཚོར་འདུ་ཡོད་ཚད་སྨྱུག་རྩེར་ཕབས་ཡོད། །
 
ཁྱེད་ཀྱིས་ཆོས་པ་རྣལ་མའི་ལས་ལ་བརྩོན་གྱིན།།
ཐལ་སྒྲའི་དབྱངས་རྟ་སྙན་མོ་བྲག་ཅར་སྡེབ་དུས། །
ང་ཡིས་སྙན་ངག་མཁན་པོའི་ཆོ་ལོར་བརྩོན་ནས། །
ཚིག་སྐམ་ཐ་སྙད་མང་བོ་བཙན་གྱིས་བསྒྲིགས་ཡོད། །
 
ཁྱེད་ནི་ཕས་རྒོལ་འཇོམས་པའི་དཔུང་ལ་ཞུགས་ནས། །
ལྟ་ངན་ཚལ་བར་གཤེགས་པའི་གཟི་ཤུགས་ངོམ་དུས། །
ང་ཡིས་ཚོར་འདུ་མང་བོ་བཙན་གྱིས་རྒུམ་ནས། །
རྟེན་བཟང་མི་རུ་སྐྱེས་པའི་མི་དོན་བོར་ཐལ། །
 
ཁྱེད་ནི་དྲན་དབང་འབུམ་གྱི་མདུན་སར་བཅར་ནས། །
ལེགས་ཚོགས་ཆོས་རྩ་བའི་རྩ་བ་འཚོལ་དུས། །
ང་ནི་ཚགས་ཤོག་མང་བོའི་སྦུབས་སུ་ལུས་ནས། །
མི་གདུག་གཉེར་རིས་མང་བོས་གདུང་ཡུས་གང་ཐལ། །
 
ཁྱེད་ཀྱི་མདོ་སྔགས་བསྟན་པའི་རྒྱལ་མཚན་བསྒྲེངས་ནས། །
མི་དོན་མི་ཡིས་བསྒྲུབ་པའི་དེ་ཉིད་སྐྱོང་དུས། །
ང་ནི་གཏུ་མིག་མུན་པའི་གཏིང་དུ་ལྷུང་ནས། །
ཅི་བྱ་འདི་བྱ་མེད་པར་ཁེར་བུར་ལུས་ཐལ། །
 
ཁྱེད་ལ་ངེས་འབྱུང་ཟབ་མོས་མདུན་གྱིས་བསུས་ནས། །
མི་རྟག་འཁོར་བའི་ཆོས་ལ་སྐྱོ་བས་གཏམས་དུས། །
ང་ལ་འདོད་ཡོན་བདུད་མོས་གཡབ་མོ་བྱེད་ཀྱིན། །
འདོད་པའི་གཡུལ་སུ་འདི་རུ་ཡུན་གྱིས་ལུས་ཐལ། །
 
ཁྱེད་ཀྱིས་ཤེས་རིག་པདྨའི་དགའ་ཚལ་བསྙེག་ནས། །
ལྔ་ཟུང་རིག་པའི་ཉིང་ཁུ་ཡུན་གྱིས་འཚོལ་དུས། །
ང་ཡིས་ཕྱི་ཤོར་ལེ་ལོ་གྲོགས་སུ་བརྟེན་ནས། །
མི་ཚེའི་འཁྱུག་གར་ཟབ་མོ་ཡུན་གྱིས་རྫོགས་ཐལ། །
 
ཁྱེད་ནི་ཆོས་གྲོགས་དམ་པའི་དབུས་སུ་འགྱིང་ནས། །
ངེས་དོན་རྣམ་དཔྱོད་དཔའ་བོའི་རྣོ་དབལ་ངོམ་དུས། །
ང་ནི་གྲོགས་ངན་འདུ་བའི་གྲལ་དུ་འཚང་གིན། །
དུག་གསུམ་གྲོགས་སུ་བརྟེན་ནས་འདི་ལྟར་ལུས་ཐལ ། །

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁྱེད་དང་ང་ཡི་ཁྱད་ཆོས།

2010-12-25 གཟའ་རང་འབར། ཀློག་གྲངས། མཆན ཡོད།

ང་ཡིས་རྩོམ་གཞིས་ཆེན་མོའི་སྒོ་གླེགས་བརྡུང་ནས། །
སེམས་ཀྱི་ཚོར་འདུ་ཡོད་ཚད་སྨྱུག་རྩེར་ཕབས་ཡོད། །
 
ཁྱེད་ཀྱིས་ཆོས་པ་རྣལ་མའི་ལས་ལ་བརྩོན་གྱིན།།
ཐལ་སྒྲའི་དབྱངས་རྟ་སྙན་མོ་བྲག་ཅར་སྡེབ་དུས། །
ང་ཡིས་སྙན་ངག་མཁན་པོའི་ཆོ་ལོར་བརྩོན་ནས། །
ཚིག་སྐམ་ཐ་སྙད་མང་བོ་བཙན་གྱིས་བསྒྲིགས་ཡོད། །
 
ཁྱེད་ནི་ཕས་རྒོལ་འཇོམས་པའི་དཔུང་ལ་ཞུགས་ནས། །
ལྟ་ངན་ཚལ་བར་གཤེགས་པའི་གཟི་ཤུགས་ངོམ་དུས། །
ང་ཡིས་ཚོར་འདུ་མང་བོ་བཙན་གྱིས་རྒུམ་ནས། །
རྟེན་བཟང་མི་རུ་སྐྱེས་པའི་མི་དོན་བོར་ཐལ། །
 
ཁྱེད་ནི་དྲན་དབང་འབུམ་གྱི་མདུན་སར་བཅར་ནས། །
ལེགས་ཚོགས་ཆོས་རྩ་བའི་རྩ་བ་འཚོལ་དུས། །
ང་ནི་ཚགས་ཤོག་མང་བོའི་སྦུབས་སུ་ལུས་ནས། །
མི་གདུག་གཉེར་རིས་མང་བོས་གདུང་ཡུས་གང་ཐལ། །
 
ཁྱེད་ཀྱི་མདོ་སྔགས་བསྟན་པའི་རྒྱལ་མཚན་བསྒྲེངས་ནས། །
མི་དོན་མི་ཡིས་བསྒྲུབ་པའི་དེ་ཉིད་སྐྱོང་དུས། །
ང་ནི་གཏུ་མིག་མུན་པའི་གཏིང་དུ་ལྷུང་ནས། །
ཅི་བྱ་འདི་བྱ་མེད་པར་ཁེར་བུར་ལུས་ཐལ། །
 
ཁྱེད་ལ་ངེས་འབྱུང་ཟབ་མོས་མདུན་གྱིས་བསུས་ནས། །
མི་རྟག་འཁོར་བའི་ཆོས་ལ་སྐྱོ་བས་གཏམས་དུས། །
ང་ལ་འདོད་ཡོན་བདུད་མོས་གཡབ་མོ་བྱེད་ཀྱིན། །
འདོད་པའི་གཡུལ་སུ་འདི་རུ་ཡུན་གྱིས་ལུས་ཐལ། །
 
ཁྱེད་ཀྱིས་ཤེས་རིག་པདྨའི་དགའ་ཚལ་བསྙེག་ནས། །
ལྔ་ཟུང་རིག་པའི་ཉིང་ཁུ་ཡུན་གྱིས་འཚོལ་དུས། །
ང་ཡིས་ཕྱི་ཤོར་ལེ་ལོ་གྲོགས་སུ་བརྟེན་ནས། །
མི་ཚེའི་འཁྱུག་གར་ཟབ་མོ་ཡུན་གྱིས་རྫོགས་ཐལ། །
 
ཁྱེད་ནི་ཆོས་གྲོགས་དམ་པའི་དབུས་སུ་འགྱིང་ནས། །
ངེས་དོན་རྣམ་དཔྱོད་དཔའ་བོའི་རྣོ་དབལ་ངོམ་དུས། །
ང་ནི་གྲོགས་ངན་འདུ་བའི་གྲལ་དུ་འཚང་གིན། །
དུག་གསུམ་གྲོགས་སུ་བརྟེན་ནས་འདི་ལྟར་ལུས་ཐལ ། །

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།