ཕྱིར་དྲན་གྱི་གདུང་བ།

སྙན་ངག་ལེགས་པོ་དེ་ཁྱེད་ཀྱི་སྙུག་རྩེ་ལས་བྲིས་པ་ཡིན་མོད
རོལ་མྱོང་བྱེད་མཁན་ང་ཡི་བརྩེ་དུང་ཁོ་ན་ཡིན་སྲིད
 
བུ་མོ་ལགས།  ང་ཁྱེད་དང་ཁ་ཐག་རིང་ནའང
དྲན་གདུང་འདིས་ཁྱེད་དང་འབྲལ་ཐབས་མི་འདུག
 
ས་སྲོད་ཀྱི་གྲིབ་ངོགས་སུ   ང་ཁེར་རྐྱང་ཡིན
མི་ཚོགས་ཀྱི་ཟང་ཟིང་ཁྲོད   ང་ཁེར་འགྲོ་ཡིན
བུ་མོ། ཁྲེལ་གཞུང་ཨེ་ཡོད   བརྩེ་བ་རྨ་མེད་ཨེ་ཡིན
 
ནམ་མཁའ་མེ་ལོང་དུ་འཁྲུལ་ནས  ང་ཡི་མཛའ་མོ་ཨེ་འཆར་སྒུག
མཁའ་ན་སྤྲིན་པ་ལང་ལོང     སེམས་ན་སྐྱོ་བ་ལང་ལོང
 
དུངས་པ་འདི་མེ་ལྕེ་ཡིན་ན    ལུས་ཕུང་འདི་སྔོན་ནས་བསྲེགས་ཟིན
བུ་མོ  ང་རང་མཐོང་བྱུང་ངམ    སེམས་ཁམས་རྟོགས་སོང་ངམ
 
དྭངས་གཙང་གི་བརྩེ་བ་འདི་བཀླག་རོགས་ཀྱིས་ཤིག
བསམ་གཞིག་གི་ནམ་མཁའ་འདི་རོལ་མྱོང་བྱེད་རོགས
འཇིག་རྟེན་འདི་ནས་ངའི་ཚེ་སྲོག་གིས་ཁྱེད་རང་བསུ་ངེས་ཡིན!
                                 2010-12-3 བྲིས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཕྱིར་དྲན་གྱི་གདུང་བ།

2010-12-25 བླ་ནག་འཁྱམ་བུ། ཀློག་གྲངས། མཆན ཡོད།

སྙན་ངག་ལེགས་པོ་དེ་ཁྱེད་ཀྱི་སྙུག་རྩེ་ལས་བྲིས་པ་ཡིན་མོད
རོལ་མྱོང་བྱེད་མཁན་ང་ཡི་བརྩེ་དུང་ཁོ་ན་ཡིན་སྲིད
 
བུ་མོ་ལགས།  ང་ཁྱེད་དང་ཁ་ཐག་རིང་ནའང
དྲན་གདུང་འདིས་ཁྱེད་དང་འབྲལ་ཐབས་མི་འདུག
 
ས་སྲོད་ཀྱི་གྲིབ་ངོགས་སུ   ང་ཁེར་རྐྱང་ཡིན
མི་ཚོགས་ཀྱི་ཟང་ཟིང་ཁྲོད   ང་ཁེར་འགྲོ་ཡིན
བུ་མོ། ཁྲེལ་གཞུང་ཨེ་ཡོད   བརྩེ་བ་རྨ་མེད་ཨེ་ཡིན
 
ནམ་མཁའ་མེ་ལོང་དུ་འཁྲུལ་ནས  ང་ཡི་མཛའ་མོ་ཨེ་འཆར་སྒུག
མཁའ་ན་སྤྲིན་པ་ལང་ལོང     སེམས་ན་སྐྱོ་བ་ལང་ལོང
 
དུངས་པ་འདི་མེ་ལྕེ་ཡིན་ན    ལུས་ཕུང་འདི་སྔོན་ནས་བསྲེགས་ཟིན
བུ་མོ  ང་རང་མཐོང་བྱུང་ངམ    སེམས་ཁམས་རྟོགས་སོང་ངམ
 
དྭངས་གཙང་གི་བརྩེ་བ་འདི་བཀླག་རོགས་ཀྱིས་ཤིག
བསམ་གཞིག་གི་ནམ་མཁའ་འདི་རོལ་མྱོང་བྱེད་རོགས
འཇིག་རྟེན་འདི་ནས་ངའི་ཚེ་སྲོག་གིས་ཁྱེད་རང་བསུ་ངེས་ཡིན!
                                 2010-12-3 བྲིས།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།