ས་ཆེན་ཨ་མའི་འཁུན་སྒྲ་སྐྱོ་པོར་རྣ་བ་བླགས་ནས་ཉན་རན་ཀྱེ།

དམེ་ཤུལ་རྣམ་ཐར་རྒྱལ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-12-25

རྭ་རྩེ་རྣོ་བའི་འབྲོང་ཁྱུ་ཞོགས་སོང་ལོ་ཟླའི་རླུང་གིས་མ་ཟིན་ཟེར།།
མགྲོན་བརྡ་གཏོང་བའི་སྐྱ་ཀ་འཕུར་སོང་འགྲུལ་པ་རྒད་པོས་མ་མཐོང་ཟེར།།
ཨ་བ་སྡུག་ཅོར་གླུ་རུ་ལེན་པའི་ཁྭ་ཏའི་སྐད་ཀྱང་འཇགས་སོང་ལ།།
སྒོ་ཁྱི་བཙན་པོ་རྒྱ་སྟག་འདྲ་བོ་སྨད་རྒྱའི་ཚ་དམྱལ་ཡུལ་དུ་བརྫངས།།

བྱང་སྣེའི་དོམ་གྱིས་ཆབ་རོམ་རྡོག་གཅིག་བྲང་ཁར་བརླན་ནས་རྐྱལ་རྩལ་སྦྱོང་།།
ལྷོ་སྣེའི་བྱ་ཆེན་པེང་གྱུན་ཚོགས་ཀྱིས་ཡངས་བའི་མཁའ་ལ་འཕུར་འདོད་ཟེར།།
གཙོད་དང་རྐྱང་སོགས་སེམས་ཅན་མང་པོས་མེ་འཁོར་ལྡིར་སྒྲ་གཟན་གི་ཟེར།།
གོ་ལ་རིལ་མོས་ཚ་གདུང་མ་བཟོད་རྔུལ་ཆུ་ཁྲོམ་ཁྲོམ་བཞུར་བར་གྲགས།།

གཅན་གཟན་རི་དྭགས་པགས་པ་བཤུས་ནས་འགྱིངས་ཤིང་ངོམ་པའི་རྒྱན་གོས་བྱས།།
རླངས་པ་འཁོལ་བའི་ཚེ་སྲོག་དམར་པོས་གཞི་བདག་རྣམས་ལ་གསོལ་འདྲེན་བྱས།།
འོ་མ་འཐུང་བའི་ཨ་མ་འདྲ་བོའི་མཆུ་ཏོ་བསྡམས་ནས་ཁ་ཟས་བྱས།།
མ་གྱུར་སེམས་ཅན་ཡང་ཡང་ཟློ་བའི་ཆོས་ལྡན་ཞིང་ཁམས་འདི་འདྲ་རེད།།

གཤར་སོང་ཞོགས་སོང་བྱ་བྱེའུ་རི་དྭགས་ལོ་རེ་ཇེ་ཉུང་ཇེ་ཉུང་རེད།།
ཆོག་མེད་འགེང་མེད་སེམས་ཅན་འདི་ཚོ་ལོ་རེ་ཇེ་བཙན་ཇེ་ཐུ་རེད།།
སྲིད་པའི་གངས་རྒན་ཞུ་ནས་ཡལ་བར་ལོ་ཟླ་རིང་པོ་མི་འདུག་ན།།
ས་ཆེན་ཨ་མའི་འཁུན་སྒྲ་སྐྱོ་པོར་རྣ་བ་བླགས་ནས་ཉན་རན་ཀྱེ།།
                                   ༢༠༡༠.༡༠.༡༠ཉིན་བྲིས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ས་ཆེན་ཨ་མའི་འཁུན་སྒྲ་སྐྱོ་པོར་རྣ་བ་བླགས་ནས་ཉན་རན་ཀྱེ།

2010-12-25 དམེ་ཤུལ་རྣམ་ཐར་རྒྱལ། ཀློག་གྲངས། མཆན ཡོད།

རྭ་རྩེ་རྣོ་བའི་འབྲོང་ཁྱུ་ཞོགས་སོང་ལོ་ཟླའི་རླུང་གིས་མ་ཟིན་ཟེར།།
མགྲོན་བརྡ་གཏོང་བའི་སྐྱ་ཀ་འཕུར་སོང་འགྲུལ་པ་རྒད་པོས་མ་མཐོང་ཟེར།།
ཨ་བ་སྡུག་ཅོར་གླུ་རུ་ལེན་པའི་ཁྭ་ཏའི་སྐད་ཀྱང་འཇགས་སོང་ལ།།
སྒོ་ཁྱི་བཙན་པོ་རྒྱ་སྟག་འདྲ་བོ་སྨད་རྒྱའི་ཚ་དམྱལ་ཡུལ་དུ་བརྫངས།།

བྱང་སྣེའི་དོམ་གྱིས་ཆབ་རོམ་རྡོག་གཅིག་བྲང་ཁར་བརླན་ནས་རྐྱལ་རྩལ་སྦྱོང་།།
ལྷོ་སྣེའི་བྱ་ཆེན་པེང་གྱུན་ཚོགས་ཀྱིས་ཡངས་བའི་མཁའ་ལ་འཕུར་འདོད་ཟེར།།
གཙོད་དང་རྐྱང་སོགས་སེམས་ཅན་མང་པོས་མེ་འཁོར་ལྡིར་སྒྲ་གཟན་གི་ཟེར།།
གོ་ལ་རིལ་མོས་ཚ་གདུང་མ་བཟོད་རྔུལ་ཆུ་ཁྲོམ་ཁྲོམ་བཞུར་བར་གྲགས།།

གཅན་གཟན་རི་དྭགས་པགས་པ་བཤུས་ནས་འགྱིངས་ཤིང་ངོམ་པའི་རྒྱན་གོས་བྱས།།
རླངས་པ་འཁོལ་བའི་ཚེ་སྲོག་དམར་པོས་གཞི་བདག་རྣམས་ལ་གསོལ་འདྲེན་བྱས།།
འོ་མ་འཐུང་བའི་ཨ་མ་འདྲ་བོའི་མཆུ་ཏོ་བསྡམས་ནས་ཁ་ཟས་བྱས།།
མ་གྱུར་སེམས་ཅན་ཡང་ཡང་ཟློ་བའི་ཆོས་ལྡན་ཞིང་ཁམས་འདི་འདྲ་རེད།།

གཤར་སོང་ཞོགས་སོང་བྱ་བྱེའུ་རི་དྭགས་ལོ་རེ་ཇེ་ཉུང་ཇེ་ཉུང་རེད།།
ཆོག་མེད་འགེང་མེད་སེམས་ཅན་འདི་ཚོ་ལོ་རེ་ཇེ་བཙན་ཇེ་ཐུ་རེད།།
སྲིད་པའི་གངས་རྒན་ཞུ་ནས་ཡལ་བར་ལོ་ཟླ་རིང་པོ་མི་འདུག་ན།།
ས་ཆེན་ཨ་མའི་འཁུན་སྒྲ་སྐྱོ་པོར་རྣ་བ་བླགས་ནས་ཉན་རན་ཀྱེ།།
                                   ༢༠༡༠.༡༠.༡༠ཉིན་བྲིས།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།