སྡུག་གུ་མ།

 

སྡུག་གུ་མ
གློག་ཞུ་ཆུང་བའི་འོད་སྣང་རྒུམ་ཞོར་
རང་ཉིད་ཀྱིས་རང་ཉིད་འཚོལ་བཞིན་
མཐའ་འཁོར་གྱི་དྲོད་གྲངས་ཉེར་ལྔར་སླེབས་ཀྱང་
བརྩེ་དུང་གི་ལྗང་མྱུག་མ་འབུས་བ་ཅི་
བརྩེ་བ་ཡི་བརླན་གཤེར་མེད་པ་ཡིན་ནམ་
དུངས་བ་ཡི་ས་ཞིང་མི་གཤིན་པས་ལན་
ཡང་ན  གཞན་ཅི་ཞིག་
 
སྡུག་གུ་མ
སྟེས་དབང་མིན་པའི་ལས་དབང་ཞིག་གིས་
རང་ཉིད་ལས་ལྕི་བའི་སེམས་པ་ཁུར་ཏེ་
གདུང་བ་རུམ་གང་གི་དྲན་ཤིང་དང་
མིག་ཆུ་ཁྱོར་བ་གང་གི་སེམས་གཞས་བསྐྱུར་ནས་
ལམ་ལ་ཆས་དགོས་བྱུང་
ལམ་ལ་ཆས་པའི་ཉིན་མོ་དེ་ནས་བཟུང་
མི་ཡུལ་ལ་ཚ་གདུགས་བབས་
བབས་དྲགས་པའི་དབང་གིས་
འུ་གཉིས་ཀྱི་བརྩེ་དུང་གི་ས་བོན་དེ་ཡང་
འཚིག་ལ་ཉེ་
 
སྡུག་གུ་མ
རི་ཆུ་སྟོང་ཕྲག་གི་ཕ་མཐའ་བདས་བ་ནས་བཟུང་
ངས་ལས་མཐུན་གྲོགས་པོ་ཚོ་དང་མཉམ་དུ་
ཝུ་ཆང་དམ་བེ་གང་ལ་འཐམས་ཤིང་
དུ་བ་རྐང་གཅིག་ལ་འཇུས་ཏེ་
སྐྱུག་བྲོ་བའི་ཆོས་ཉིད་ཅིག་གླེང་བཞིན་
བསམ་གཞིགས་ཀྱི་ཁོང་གསེང་རེ་རེའི་བར་ནས་
སྙན་ངག་གི་མཆོད་པ་བཤམས་ཏེ་
མ་འོངས་བའི་ལྷན་འཛོམས་ལ་གསོལ་བ་འདེབས་བཞིན་ཡོད་
 
སྡུག་གུ་མ
བརྩེ་བ་མ་རྙིང་གོང་
དུངས་བ་མ་བོར་གོང་
ཁྱིམ་གཞི་མ་རླག་པའི་སྔ་རོལ་ལ་
ཕྱིར་ལོག་ཤོག་
སུས་ཀྱང་རེག་མ་མྱོང་བའི་དམར་ཆུང་སེམས་པ་
ཁྱེད་ཀྱིས་ཅི་དགར་སྤྱད་ཆོག
 
                   ༢༠༠༩ ༤ ༢༣
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྡུག་གུ་མ།

2010-12-22 བྱང་ཁུ་ལོ། ཀློག་གྲངས། མཆན ཡོད།

 

སྡུག་གུ་མ
གློག་ཞུ་ཆུང་བའི་འོད་སྣང་རྒུམ་ཞོར་
རང་ཉིད་ཀྱིས་རང་ཉིད་འཚོལ་བཞིན་
མཐའ་འཁོར་གྱི་དྲོད་གྲངས་ཉེར་ལྔར་སླེབས་ཀྱང་
བརྩེ་དུང་གི་ལྗང་མྱུག་མ་འབུས་བ་ཅི་
བརྩེ་བ་ཡི་བརླན་གཤེར་མེད་པ་ཡིན་ནམ་
དུངས་བ་ཡི་ས་ཞིང་མི་གཤིན་པས་ལན་
ཡང་ན  གཞན་ཅི་ཞིག་
 
སྡུག་གུ་མ
སྟེས་དབང་མིན་པའི་ལས་དབང་ཞིག་གིས་
རང་ཉིད་ལས་ལྕི་བའི་སེམས་པ་ཁུར་ཏེ་
གདུང་བ་རུམ་གང་གི་དྲན་ཤིང་དང་
མིག་ཆུ་ཁྱོར་བ་གང་གི་སེམས་གཞས་བསྐྱུར་ནས་
ལམ་ལ་ཆས་དགོས་བྱུང་
ལམ་ལ་ཆས་པའི་ཉིན་མོ་དེ་ནས་བཟུང་
མི་ཡུལ་ལ་ཚ་གདུགས་བབས་
བབས་དྲགས་པའི་དབང་གིས་
འུ་གཉིས་ཀྱི་བརྩེ་དུང་གི་ས་བོན་དེ་ཡང་
འཚིག་ལ་ཉེ་
 
སྡུག་གུ་མ
རི་ཆུ་སྟོང་ཕྲག་གི་ཕ་མཐའ་བདས་བ་ནས་བཟུང་
ངས་ལས་མཐུན་གྲོགས་པོ་ཚོ་དང་མཉམ་དུ་
ཝུ་ཆང་དམ་བེ་གང་ལ་འཐམས་ཤིང་
དུ་བ་རྐང་གཅིག་ལ་འཇུས་ཏེ་
སྐྱུག་བྲོ་བའི་ཆོས་ཉིད་ཅིག་གླེང་བཞིན་
བསམ་གཞིགས་ཀྱི་ཁོང་གསེང་རེ་རེའི་བར་ནས་
སྙན་ངག་གི་མཆོད་པ་བཤམས་ཏེ་
མ་འོངས་བའི་ལྷན་འཛོམས་ལ་གསོལ་བ་འདེབས་བཞིན་ཡོད་
 
སྡུག་གུ་མ
བརྩེ་བ་མ་རྙིང་གོང་
དུངས་བ་མ་བོར་གོང་
ཁྱིམ་གཞི་མ་རླག་པའི་སྔ་རོལ་ལ་
ཕྱིར་ལོག་ཤོག་
སུས་ཀྱང་རེག་མ་མྱོང་བའི་དམར་ཆུང་སེམས་པ་
ཁྱེད་ཀྱིས་ཅི་དགར་སྤྱད་ཆོག
 
                   ༢༠༠༩ ༤ ༢༣
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།