སོམ་ཉིའི་སུམ་སྒྲོག་གཏོར་བའི་བརྡ།

ལོ་ཟླའི་གཙང་བོ་སྒྱུ་མའི་ཟོལ་གྱིས་བཞུར་ཏེ།།
རི་རབ་སྟོང་གི་ཕྱི་གོས་བགས་ཀྱིས་རལ་ཀྱང༌།།
ཆུང་ཆུང་སྙིང་ལ་བཏབ་པའི་ཨུ་དུམ་ཝཱ་ར།།
སོམ་ཉིའི་སུམ་སྒྲོག་གཏོར་བའི་བརྡ་རུ་གྱུར་འདུག།

གདུང་ཚོར་ཆུ་སྤྲིན་འཁྲིགས་པའི་ཡིད་ཀྱི་ནམ་མཁའ།།
གསང་ཚིག་སྐར་མའི་འོད་ཀྱིས་དྭངས་པར་བྱས་ཏེ།།
མཁྲེགས་པོ་སྙིང་གི་རྩིག་པ་ཐོལ་གྱིས་འགྱེལ་བ།།

བདེ་སྐྱིད་དྲོད་ཀྱི་ཁ་རླངས་སེམས་སུ་སྦྲུམ་ནས།།
མཐོ་བ་ཉི་ཟླའི་བརྩེ་གླུ་ཤུགས་ཀྱིས་གཏོང་དུས།།
འཇིག་རྟེན་མཛེས་པའི་ཞིང་བཀོད་ཐེངས་གཅིག་མཐོང་བ།།

ལང་ཚོ་འཇའ་ལ་འཁྲུལ་བའི་བུ་མོ་ཞིག་གིས།།
མི་འཇིག་ལུས་ཀྱི་འཁྲི་ཤིང་བདག་ལ་བསྙེས་ཏེ།།
ཆོ་འཕྲུལ་སོར་མོས་ལན་གཅིག་ཕུར་ཕུར་གནང་བ།།

ཉ་གང་ཟླ་བའི་ཁྲུས་རྫིང་ལོགས་སུ་བཞག་ནས།།
རྩྭ་ལྗང་གཡུ་ལོའི་ཟིལ་བ་ལོངས་སུ་སྤྱོད་དུས།།
ཁྲི་གདུགས་མེ་དཔུང་དྲག་པོའི་གཏུམ་སྤྱོད་ཕོག་པ།།

ལོ་ནས་ཟླ་ལ་སྒུག་པའི་ད་ལོའི་ཐུག་འཕྲད།།
མུ་ནས་མུ་རུ་བརྐྱངས་པའི་སང་ལོའི་ཁ་ཆད།།
སྲ་མོ་བྲག་ལ་བརྐོས་པའི་རི་མོར་སྣང་བས།།

ཕ་མེས་བདག་ལ་བགོས་པའི་དབྱངས་གསལ་སོ་བཞི། །
མི་སྡུག་ལོ་རྒྱུས་ཁྲག་གིས་བརྫིས་པའི་ཤུལ་དུ། །
ངོ་མཚར་མི་སྡེ་འབུམ་གྱི་དཔུང་ཤ་མངོན་པ། །

                                                 2010/12/1

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སོམ་ཉིའི་སུམ་སྒྲོག་གཏོར་བའི་བརྡ།

2010-12-20 འབྲོག་བུ། ཀློག་གྲངས། མཆན ཡོད།

ལོ་ཟླའི་གཙང་བོ་སྒྱུ་མའི་ཟོལ་གྱིས་བཞུར་ཏེ།།
རི་རབ་སྟོང་གི་ཕྱི་གོས་བགས་ཀྱིས་རལ་ཀྱང༌།།
ཆུང་ཆུང་སྙིང་ལ་བཏབ་པའི་ཨུ་དུམ་ཝཱ་ར།།
སོམ་ཉིའི་སུམ་སྒྲོག་གཏོར་བའི་བརྡ་རུ་གྱུར་འདུག།

གདུང་ཚོར་ཆུ་སྤྲིན་འཁྲིགས་པའི་ཡིད་ཀྱི་ནམ་མཁའ།།
གསང་ཚིག་སྐར་མའི་འོད་ཀྱིས་དྭངས་པར་བྱས་ཏེ།།
མཁྲེགས་པོ་སྙིང་གི་རྩིག་པ་ཐོལ་གྱིས་འགྱེལ་བ།།
སོམ་ཉིའི་སུམ་སྒྲོག་གཏོར་བའི་བརྡ་རུ་གྱུར་འདུག།

བདེ་སྐྱིད་དྲོད་ཀྱི་ཁ་རླངས་སེམས་སུ་སྦྲུམ་ནས།།
མཐོ་བ་ཉི་ཟླའི་བརྩེ་གླུ་ཤུགས་ཀྱིས་གཏོང་དུས།།
འཇིག་རྟེན་མཛེས་པའི་ཞིང་བཀོད་ཐེངས་གཅིག་མཐོང་བ།།
སོམ་ཉིའི་སུམ་སྒྲོག་གཏོར་བའི་བརྡ་རུ་གྱུར་འདུག།

ལང་ཚོ་འཇའ་ལ་འཁྲུལ་བའི་བུ་མོ་ཞིག་གིས།།
མི་འཇིག་ལུས་ཀྱི་འཁྲི་ཤིང་བདག་ལ་བསྙེས་ཏེ།།
ཆོ་འཕྲུལ་སོར་མོས་ལན་གཅིག་ཕུར་ཕུར་གནང་བ།།
སོམ་ཉིའི་སུམ་སྒྲོག་གཏོར་བའི་བརྡ་རུ་གྱུར་འདུག།

ཉ་གང་ཟླ་བའི་ཁྲུས་རྫིང་ལོགས་སུ་བཞག་ནས།།
རྩྭ་ལྗང་གཡུ་ལོའི་ཟིལ་བ་ལོངས་སུ་སྤྱོད་དུས།།
ཁྲི་གདུགས་མེ་དཔུང་དྲག་པོའི་གཏུམ་སྤྱོད་ཕོག་པ།།
སོམ་ཉིའི་སུམ་སྒྲོག་གཏོར་བའི་བརྡ་རུ་གྱུར་འདུག།

ལོ་ནས་ཟླ་ལ་སྒུག་པའི་ད་ལོའི་ཐུག་འཕྲད།།
མུ་ནས་མུ་རུ་བརྐྱངས་པའི་སང་ལོའི་ཁ་ཆད།།
སྲ་མོ་བྲག་ལ་བརྐོས་པའི་རི་མོར་སྣང་བས།།
སོམ་ཉིའི་སུམ་སྒྲོག་གཏོར་བའི་བརྡ་རུ་གྱུར་འདུག།

ཕ་མེས་བདག་ལ་བགོས་པའི་དབྱངས་གསལ་སོ་བཞི། །
མི་སྡུག་ལོ་རྒྱུས་ཁྲག་གིས་བརྫིས་པའི་ཤུལ་དུ། །
ངོ་མཚར་མི་སྡེ་འབུམ་གྱི་དཔུང་ཤ་མངོན་པ། །
སོམ་ཉིའི་སུམ་སྒྲོག་གཏོར་བའི་བརྡ་རུ་གྱུར་འདུག། 
                                                 2010/12/1

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།