ངའི་རུ་སྡེ། ངའི་རྒྱབ་རི། ངའི་མཁར་རྫོང་།

ངའི་རུ་སྡེ་ཕྲ་མོའི་རྒྱབ་རི་སྨུག་པོ།
སྣོད་བཅུད་ཀྱི་མཛེས་པ་རང་ཆས་སུ་མངའ་བའི་ཡིད་འོང་གི་ལྷུན་པོ་ཞིག
ལྷུན་པོ་དེའི་སྤོ་ན།
ངའི་དྭངས་གཙང་གི་བྱིས་བློ་སྦྲུམ་སའི་ཆུང་དུས་ཀྱི་རྩེད་ར་ཡོད།
དེ་ནི་འབྱུང་གཞིའི་གཙུབ་བརྡར་ཁྲོད་འགྱེལ་བཞིན་པའི་གནའ་བོའི་མཁར་གྲོང་སྐྱ་བོ་ཞིག

རྩེད་ར་དེར།
ངས་གཡའ་མ་དང་འདྲ་བའི་རྡོ་ལེབ་འབར་སླ་བ་ཞིག་རྩེད་ཆས་སུ་སྤྱད་མྱོང་།
ཡུལ་མི་ཚོས་དེའི་མིང་ལ་“བོའུ་སྨན་”ཞེས་འབོད།
ངས་རྩེད་ཆས་དེའི་རིགས་གྱང་རོག་གི་སྲུབས་དང་ས་རྡོ་ཡི་གསེབ་ནས་གཏེར་བཞིན་བཏོན་ཏེ།
འཛད་མེད་དུ་མེ་རུ་སྒྲོན་མྱོང་།

མ་གཞིར།  ཆེས་སྔ་མོའི་དུས།
“དེ་ནི་མནའ་བོའི་མཁར་རྫོང་གསེར་ཏོག་གིས་རྒྱན་པ་ཞིག་དེ”①
ངའི་རྒྱབ་རི་སྨུག་པོའི་མཛེས་སྡུག་གི་དབུ་རྨོག་ཡིན་འདུག
གནས་དེ་རུ།  ཕ་བླ་མ་དམ་པས་སྟོང་ཉིད་རྟེན་འབྱུང་གི་རིག་པ་བསྟན་ནས།
ངའི་རུ་སྡེ་ཕྲ་མོ་ཆོས་ཀྱིས་བཙོས་མྱོང་སྐད།
གནས་དེ་རུ།  དཔོན་བྱང་སེམས་ཅན་པོས་གནས་ལུགས་དྲང་བདེན་གྱི་རྒྱ་མའི་ཁ་ནས།
ངའི་རུ་སྡེ་ཕྲ་མོ་ཐབས་ཀྱིས་བསྐྱངས་མྱོང་སྐད།
གནས་དེ་རུ།  བུ་ཁོག་དཔུང་ཅན་པོས་རང་སྟོབས་རང་སྤེལ་གྱི་རྒྱལ་མཚན་བསྒྲེངས་ཏེ།
ངའི་རུ་སྡེ་ཕྲ་མོ་སྟོབས་ཀྱིས་བཟུང་མྱོང་སྐད།

མ་གཞིར།   སྤྱི་ལོ་ག་གེ་མོའི་ཟླ་ཚེས་ག་གེ་མོར།
གནས་དེ་རུ།     དམ་པ་ཞིག་གི་སྐུ་དོན་དང་རིགས་རྒྱུད་ཅིག་གི་མངའ་ཁོངས་ཀྱི་ཆེད་དུ།
ནམ་མཁའ་སྨག་གིས་བསྒྲིབས་ཤིང་ས་གཞི་རྡུལ་གྱིས་མནན་མྱོང་སྐད།
དུས་དེ་ནས་བཟུང་། ལོ་རྒྱུས་ཀྱིས་ང་ལ་རྩེད་ར་ཞིག་དང་རྩེད་ཆས་ཤིག་བསྐྱུར་འདུག
མདོར་ན།  དེ་ནི་གསེར་ཏོག་རྦབ་ཏུ་འགྲིལ་ཞིང་གཡེར་དྲིལ་རླུང་གིས་བཅད་པའི།
ངའི་མཁར་རྫོང་སྨུག་པོའི་ཁ་སང་གི་གཏམ་རྒྱུད་རེད།

མ་གཞིར།  ངས་ལོ་རྒྱུས་ཀྱི་དུར་ས་ནས།  ཆུང་དུས་ཀྱི་རྩེད་ར་བསྒྲིགས་མྱོང་ཟིག
ངས་དམར་པོའི་མཚོན་ཆ་ཐོགས་ནས། ཡབ་མེས་ཚོའི་རྣམ་ཤེས་ལ་ཀུ་རེ་རྩེད་མྱོང་ཟིག

དེ་རིང་།  ངའི་རུ་སྡེ་ཕྲ་མོ།   སྔར་བཞིན།
དབུ་རྨོག་ཐང་ལ་བསྐོར་བའི་རྒྱབ་རིའི་ཐུ་འོག་ན།
ལྷོད་ཀྱིས་ཆགས་ཤིང་ངང་གིས་གནས་ཡོད།
འོན་ཏེ།  བདག་འཛིན་གྱི་ཧམ་སེམས་འབར་བའི་ཕྱི་བ་སྡོམ་པོ་དེས།
ད་ནི།  ངའི་རྒྱབ་རི་སྨུག་པོའི་གློ་སྙིང་འབིགས་ཀྱིན་འདུག
དར་མཚོན་སྣ་ལྔའི་རྒྱན་པའི།  གསེར་འོད་ལམ་ལམ་འཕྲོ་བའི།
ནས་འབྲུ་རྡོག་པོ་དེ་ཕྱིར་འབྱིན་ཀྱིན་འདུག་ཨང་།
ཨ་ཨ་་་་་་ཡབ་མེས་ཀྱིས་གཏེར་དུ་སྦས་པའི་ནས་འབྲུ་རྡོག་ཅིག
འདི་ནི་ངའི་རྒྱབ་རི་སྨུུག་པོའི་ཆེས་མཐའ་མའི་ནང་སྙིང་དང་གཟུངས་གཞུག   ཁ་ཕོ་དང་ལང་ཚོ་དེ་ཡིན་ཨང་།

ངའི་རྒྱབ་རི།  ད་ནི་སྲོག་གིས་དོར་བའི་བེམ་པོ་ཞིག་ལས་ཅི།
ངའི་རུ་སྡེ།   ད་ནི་ཕྱོགས་དང་བྲལ་བའི་གཡོར་གྲུ་ཞིག་ལས་ཅི།
         ①  སྐྱབས་ཆེན་གྱི་ཚིག

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ངའི་རུ་སྡེ། ངའི་རྒྱབ་རི། ངའི་མཁར་རྫོང་།

2010-12-18 ཨ་བུ་མགོན་བཀྲ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།