གཡང་སྡེ་ཕྱུག་མོ།

གཡང་སྡེ་ཕྱུག་མོ   ན་ཟླ་ཚོའི་རྩེད་ཡུལ་དགོད་ཡུལ
གཡང་སྡེ་ཕྱུག་མོ   ཕ་མེས་ཚོའི་རིན་ཆེན་གྱི་མགོ་རུས་འཇོག་ས
གཡང་སྡེ་ཕྱུག་མོ   ངའི་གསེར་མདོག་གི་ཕ་ས་གྲུ་བཞི
གཡང་སྡེ་ཕྱུག་མོའི་དྲོ་སྐྱིད་ཀྱི་པང་ཁུག་ན
ངའི་ཁ་ཡ་ན་ཟླ  ལྷན་སྐྱེས་ཀྱིས་བཞད་པའི་མེ་ཏོག་ཆུན་པོ
ཕ་ཁུ་ཚོའི་གཅེས་སྲོག་གང་མང་ཞིག
རུ་སྡེ་འདིའི་དྲོད་ལ་བརྗེས་པ་སུ་ཡིས་བགྲང་པར་ནུས
རླུང་བུ    གདུག་རྩུབ་ཀྱིས་གཤགས་ཡོང་སྟེ
ཞི་འཇགས་ཀྱིས་བསྙལ་བའི་སྙིང་ཁོང་ལ་ལག་སྙོབ་བྱེད་དུས
ཨ་འཇམ་ཚ་རུའི་རུམ་ཁ་དམ་པོར་སུམས་བཞིན
བསྐྱར་གསོན་གྱི་སླད་དུ་མིག་ཟུང་བཙུམ་པར་ཅི་ཁག་ཨང
གནམ་ངོ་འཐིབ་ཐེངས་རེར   གློག་དམར་འཁྱུག་ཐེངས་རེར
སྦྲ་ནག་གི་ཆོན་ཐག་རེ་རེ་བཙན་གྱིས་གཅོད་དུས
ཞེ་ཆགས་སའི་གཡང་སྡེ་ཕྱུག་མོ
ལྷབ་ལྷུབ་སྐྱོད་པའི་དར་ལྕོག་ཟད་པོ་འདྲ
སྤང་ལྗོངས་ཡངས་མོའི་ཤུན་ལྤགས་འབྲད་པའི་དེ་རིང
ཕུ་ནུའི་ལག་གདང་ལ་གས་ཁ་ཤོར་ཞིང
ས་མཐའི་གྲོང་ཁྱིམ་རེ་རེ་ན
ངའི་ཕུ་ནུ་ཚོ   གནམ་མཐའི་སྐར་མདའ་བཞིན
ཉི་མ་ཁ་སང་དེ་རིང
རྒུད་ཀྱིན་པ    གཡང་སྡེ་ཕྱུག་མོ
སྐམ་ཀྱིན་པ    ཨ་མའི་ཟུངས་ཁྲག
རྔོན་པ་རེ་རེའི་བོའུ་རིང་གི་སོ་བར་ན
འཇིགས་སྐྲག་གིས་འདུར་བཞིན་པའི་ཤྭ་བ་ཡུ་མོ་དེ་དག
ངེད་ཚང་གི་ཕུ་ནུའི་དཔུང་རྡང་མ་ཡིན་ནམ
གནས་ཚང་བོར་བའི་རི་སྤྱང་རེ་རེ་མ་ཡིན་ནམ
གཡང་སྡེ་ཕྱུག་མོ     ཆེས་རྣམ་དག་གི་བདེ་ལྡན་ཞིང་ཁམས
ངའི་ཚེ་སྲོག་གི་རྟེན་ཕུར་རིང་མོ
དེ་རིང་རྩྭ་ཐང་ཆེན་མོར་འཇག་སྐྱ་འཕྱུར་ཞིང
གྲམ་གཞུང་སྐམ་པོ་ལྷང་ལ་འབུད་དུས
ཁྱེད་ཀྱི་ན་ཟུག་དག་རང་གིས་འཁུར་བར་མོས་ཤིང
ཡང་ན     ཆེས་སྡུག་ཐུག་གི་ཨག་རིང་ཞིག་འདེབས་ལགས་སམ

གཡང་སྡེ་ཕྱུག་མོ
སང་ཉིན   ང་ཚོ་ཁྱེད་ཀྱི་པང་ནས་ཡང་བསྐྱར་འཛོམ་སྟེ
ཡིད་འོང་གི་སྲིང་ཆུང་མར་སྙིང་གཏམ་རེ་བརྗོད་ཅིང
ཁྱེད་ཀྱིས་བསླབ་པའི་གླུ་གཞས་རེ་རེ
དཔའ་སྤོབས་ཀྱིས་ལེན་རྒྱུ་ཅི་ལ་བརྗེད
 
       ༢༠༠༨ལོའི་ཟླ་༩བའི་༢༥ཉིན་མལ་ཤག་ནས།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གཡང་སྡེ་ཕྱུག་མོ།

2010-12-17 རྫས་ལུང་ཚེ་ཐར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།