ཁྱེད་ཉིད་དྲན་པའི་ཟབ་ཚད།

གོམས་སྲོལ་ལྟར་
དཔེ་དེབ་ཅིག་ཐང་ཆེན་དུ་བསྒྱུར་ཏེ་
ཁ་སྦུབ་ཏུ་ཉལ་ནས་ག་ཙམ་ཕྱིན་པ་མ་ཚོར་
རང་སེམས་ལ་བྱི་དོར་ཞིག་བྱ་བསམ་ནས་
མཉམ་འཇོག་དུས་
ཁྱེད་ཀྱི་ཟླ་མཚན་ལས་དམར་བའི་བདག་གི་སེམས་པ་
བདག་གི་ཁུ་བ་ལས་དཀར་བོའི་ཁྱེད་ཀྱི་སེམས་རྒྱུད་དུ་
བརྩེ་བ་རྐྱང་རྐྱང་གིས་འཐམ་འདུག་
སེམས་པས་ལུས་པོ་དོར་
ལུས་པོས་སེམས་པ་དོར་
སེམས་པ་རྙེད་མ་བྱུང་བས་
ལུས་པོ་མལ་ཁྲི་ལས་ལངས་མ་ཐུབ་
ཁྱེད་ཀྱི་ཆེས་ཐོག་མའི་འཛུམ་མདངས་མྱོང་མཁན་
ཚོར་ཤེས་ཀྱིས་སྤྱུགས་པའི་བེམ་པོ་ཞིག་
ཆེས་མཐའ་མའི་དུར་ས་སྲུང་མཁན་
དམར་དུང་དུང་གི་སེམས་པ་ཞིག་
ངོ་མ་
ཁྱེད་ཀྱི་བརྩེ་དུང་གི་བྲོ་བ་མངར་དྲགས་སོང་
མངར་དྲགས་པས་ང་བཟི་བ་གཏིང་ཟབ་
གཏིང་ཟབ་པས་
རང་ཉིད་ཀྱིས་རང་ཉིད་ཀྱང་མི་ཚོར
        ༢༠༠༩ ༨ ༢༨ལ་ཕ་ཡུལ་དུ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁྱེད་ཉིད་དྲན་པའི་ཟབ་ཚད།

2010-12-13 བྱང་ཁུ་ལོ། ཀློག་གྲངས། མཆན ཡོད།

གོམས་སྲོལ་ལྟར་
དཔེ་དེབ་ཅིག་ཐང་ཆེན་དུ་བསྒྱུར་ཏེ་
ཁ་སྦུབ་ཏུ་ཉལ་ནས་ག་ཙམ་ཕྱིན་པ་མ་ཚོར་
རང་སེམས་ལ་བྱི་དོར་ཞིག་བྱ་བསམ་ནས་
མཉམ་འཇོག་དུས་
ཁྱེད་ཀྱི་ཟླ་མཚན་ལས་དམར་བའི་བདག་གི་སེམས་པ་
བདག་གི་ཁུ་བ་ལས་དཀར་བོའི་ཁྱེད་ཀྱི་སེམས་རྒྱུད་དུ་
བརྩེ་བ་རྐྱང་རྐྱང་གིས་འཐམ་འདུག་
སེམས་པས་ལུས་པོ་དོར་
ལུས་པོས་སེམས་པ་དོར་
སེམས་པ་རྙེད་མ་བྱུང་བས་
ལུས་པོ་མལ་ཁྲི་ལས་ལངས་མ་ཐུབ་
ཁྱེད་ཀྱི་ཆེས་ཐོག་མའི་འཛུམ་མདངས་མྱོང་མཁན་
ཚོར་ཤེས་ཀྱིས་སྤྱུགས་པའི་བེམ་པོ་ཞིག་
ཆེས་མཐའ་མའི་དུར་ས་སྲུང་མཁན་
དམར་དུང་དུང་གི་སེམས་པ་ཞིག་
ངོ་མ་
ཁྱེད་ཀྱི་བརྩེ་དུང་གི་བྲོ་བ་མངར་དྲགས་སོང་
མངར་དྲགས་པས་ང་བཟི་བ་གཏིང་ཟབ་
གཏིང་ཟབ་པས་
རང་ཉིད་ཀྱིས་རང་ཉིད་ཀྱང་མི་ཚོར
        ༢༠༠༩ ༨ ༢༨ལ་ཕ་ཡུལ་དུ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།