བསམ་གཞིགས་ཀྱི་གླ་རྔན་སྐྱ་བོ།

ལྷ་འགྲོན་བུ་མགོན་པོ།༼པེ་ཅིང༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-03-23

 

བསམ་གཞིག་གིས་བཞུད་སོང་བའི་ལོ་ཟླའི་འགྲམ་ངོགས་ལ་སོ་ལྟ་བྱེད་དུས
རེས་སུ་འཚེར་བའི་ཉི་ཟླ་ཁྱོ་ཤུག་གཉིས
འགྱུར་བག་རྒོད་པའི་སྤྲིན་པ་ལེབ་མོ་གཉིས
ད་དུང་འདྲེས་པར་སྐྱེན་པའི་གཡང་ཟོག་དཀར་ནག་གཉིས
ངའི་འཇིག་རྟེན་དུ་འཆམ་ཞིང་འཆམ་ལ་འདུ་ཞིང་འདུ
ཨོ    ང་ཡང་ངུ་སླ་ལ་དགོད་ཀྱང་སྐྱེན་པའི་བྱིས་པ་བསམ་མེད་དེ་མ་ཡིན་ནམ
བསམ་གཞིག་གིས་ཡང་བསྐྱར་ལོ་ཟླའི་འགྲམ་ངོགས་ལ་མིག་ཞིབ་ཐེངས་ཤིག་བྱེད་དུས
བརྗེད་དུ་མེད་པ་ཞིག་ལ   
འཚར་ལོངས་ཞེས་པའི་ཚེ་འདི་ཕྱི་མཁྱེན་པའི་རྒན་པོ་སྨ་ར་ཅན་དེས
སྣང་བ་དང་མུན་པ་ཟུང་གི        
དྲང་བདེན་དང་ཚུལ་འཆོས་གཉིས་ཀྱི་རྣ་ཆ་འདོགས་པར་གོམས་པའི་ང་ལ
ཕ་ས་སྨུག་པོ་གཅིག    ཕ་ཁྱིམ་དྲོན་མོ་གཅིག   
དྲིན་ཆེན་མ་ལོ་གཅིག་ལས་མེད་པས
གླུ་སྙན་མོ་ཞིག་གི་བྲོ་ཁ་རུམ་དུ་སྦས་བཞིན་ལམ་ལ་ཆས་པར་སྐུལ
དུས་དེ་ནས་བཟུང      འཇིག་རྟེན་དཀར་ནག་གི་དབྱེ་མཚམས་ནས
བདེན་པའི་རྭ་གཅིག་པུ་གནམ་ལ་ཀེར་གྱིན
དཀར་བོང་བོང་གི་རྒྱལ་ཁམས་དེར་གོམས་ཅི་ཐུབ་བྱས
ཞེ་སྨྲེང་བ་ཞིག་ལ
གྲིབ་གཟུགས་ཡལ་བའི་མཐའ་འཁོབ་ཏུ་འབོད་པའི་ཡུལ་གྲུ་འདིར
གནས་ལུགས་ཞེས་པའི་མཐོང་རྒྱུ་རེག་རྒྱུ་མེད་པའི་དྲི་མ་སྣོམ་པོ་དེ་དང
ལང་ཚོའི་མེ་ཏོག་རྐང་གཅིག
བསེ་རུ་རྒན་པ་ངེད་གསུམ་ལས་གཞན་ཅི་ཡང་མཐོང་ལམ་དུ་མི་མངོན་ཞིང་སེམས་ངོགས་སུ་མི་འཕྱོ
                                                  ༢༠༡༠   ༣  ༢༠
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བསམ་གཞིགས་ཀྱི་གླ་རྔན་སྐྱ་བོ།

2011-03-23 ལྷ་འགྲོན་བུ་མགོན་པོ།༼པེ་ཅིང༽ ཀློག་གྲངས། མཆན ཡོད།

 

བསམ་གཞིག་གིས་བཞུད་སོང་བའི་ལོ་ཟླའི་འགྲམ་ངོགས་ལ་སོ་ལྟ་བྱེད་དུས
རེས་སུ་འཚེར་བའི་ཉི་ཟླ་ཁྱོ་ཤུག་གཉིས
འགྱུར་བག་རྒོད་པའི་སྤྲིན་པ་ལེབ་མོ་གཉིས
ད་དུང་འདྲེས་པར་སྐྱེན་པའི་གཡང་ཟོག་དཀར་ནག་གཉིས
ངའི་འཇིག་རྟེན་དུ་འཆམ་ཞིང་འཆམ་ལ་འདུ་ཞིང་འདུ
ཨོ    ང་ཡང་ངུ་སླ་ལ་དགོད་ཀྱང་སྐྱེན་པའི་བྱིས་པ་བསམ་མེད་དེ་མ་ཡིན་ནམ
བསམ་གཞིག་གིས་ཡང་བསྐྱར་ལོ་ཟླའི་འགྲམ་ངོགས་ལ་མིག་ཞིབ་ཐེངས་ཤིག་བྱེད་དུས
བརྗེད་དུ་མེད་པ་ཞིག་ལ   
འཚར་ལོངས་ཞེས་པའི་ཚེ་འདི་ཕྱི་མཁྱེན་པའི་རྒན་པོ་སྨ་ར་ཅན་དེས
སྣང་བ་དང་མུན་པ་ཟུང་གི        
དྲང་བདེན་དང་ཚུལ་འཆོས་གཉིས་ཀྱི་རྣ་ཆ་འདོགས་པར་གོམས་པའི་ང་ལ
ཕ་ས་སྨུག་པོ་གཅིག    ཕ་ཁྱིམ་དྲོན་མོ་གཅིག   
དྲིན་ཆེན་མ་ལོ་གཅིག་ལས་མེད་པས
གླུ་སྙན་མོ་ཞིག་གི་བྲོ་ཁ་རུམ་དུ་སྦས་བཞིན་ལམ་ལ་ཆས་པར་སྐུལ
དུས་དེ་ནས་བཟུང      འཇིག་རྟེན་དཀར་ནག་གི་དབྱེ་མཚམས་ནས
བདེན་པའི་རྭ་གཅིག་པུ་གནམ་ལ་ཀེར་གྱིན
དཀར་བོང་བོང་གི་རྒྱལ་ཁམས་དེར་གོམས་ཅི་ཐུབ་བྱས
ཞེ་སྨྲེང་བ་ཞིག་ལ
གྲིབ་གཟུགས་ཡལ་བའི་མཐའ་འཁོབ་ཏུ་འབོད་པའི་ཡུལ་གྲུ་འདིར
གནས་ལུགས་ཞེས་པའི་མཐོང་རྒྱུ་རེག་རྒྱུ་མེད་པའི་དྲི་མ་སྣོམ་པོ་དེ་དང
ལང་ཚོའི་མེ་ཏོག་རྐང་གཅིག
བསེ་རུ་རྒན་པ་ངེད་གསུམ་ལས་གཞན་ཅི་ཡང་མཐོང་ལམ་དུ་མི་མངོན་ཞིང་སེམས་ངོགས་སུ་མི་འཕྱོ
                                                  ༢༠༡༠   ༣  ༢༠
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།