བར་སྐབས་འདིའི་སྙན་ངག

 

དེ་རིང་གི་སྨྱོན་པ་ངས   དེ་རིང་གི་ཕ་ཡུལ་ན
ཕ་མ་དང་ལྷན་དུ་ལོ་སར་གྱི་དགའ་སྤྲོའི་ཡོ་ལང་ལ་རོལ་བཞིན་ལ
ཁ་བཏགས་ལྟ་བུའི་སེམས་པ་འདི་ཡང་སྤྲོ་བས་འཚོས་ཆོག་ཆོག་ཡིན
ཉིན་རྒྱུན་ཇེ་མང་དུ་འགྲོ་བཞིན་པའི་སྨྲ་རའི་གྲངས་ཀ་བསམས་ན  ཁོ་བོའང
སེམས་ཚེགས་ཤིག་དང་བསམ་གཞིགས་ཤིག་གི་ཀློང་དུ་བརྐྱངས་འགྲོ་ལ
སེམས་ཚེགས་ཁྲོད་རྒས་བཞིན་པའི་པོ་ཏ་ལའི་མདུན་ལྗོངས་དྲན་ན
ཕ་ཡུལ་ལ་བཅངས་པའི་མིག་མདུན་གྱི་བསྟོད་རྩོམ་དག་ཀྱང
ཟེགས་བཞིན་པའི་མཆུ་མས་རྒྱང་རིང་དུ་འཁུར་འགྲོ་ཨང
ནམ་རྒྱུན་མིང་གྲགས་དང་ཁེ་དབང་ཟ་ཞིང
རྩོམ་པ་པོའི་མིང་ལྷག་འཁུར་མཁན་ཚོས
སློབ་ཆུང་གི་སྐབས་སུ་བྲིས་པའི་བསྟོད་རྩོམ་དེ
ད་ལྟའང་ད་དུང་དུས་དེབ་སོགས་སུ་འགོད་བཞིན་ལ
ཅི་ཞིག་གི་ན་ཟུག་གིས་བསྐྱེད་པའི་ཤེས་རྟོགས་དེ་ལའང
ད་ལྟའང་ད་དུང་དགྲ་རུ་ཡོད་ཚུལ་སུ་ལ་གླེང་ཨང
ད་ལྟ་ཁོ་བོས་ཅི་ཡང་མི་བསམ་ལ   ཅི་ཡང་མི་བསམ་པའི་དེ་རིང
མང་རྫོང་ཡུལ་གྱི་ཁོ་མོའི་མཛེས་སྡུག་གི་བཞིན་རས་ཀྱང
ཡིད་ལ་ཝ་ལར་འཁོར་བྱུང་ལ
དྲན་གཞུང་ན་རྩེན་པའི་སྙིང་ཆུང་དམར་བོར   ལག་སྙོབ་ཅིག་བྱེད་བཞིན
ཁ་རོག་གེར་སྡོད་ཟེར་ག་ལ་ཐུབ
                           2011/2/6ཉིན་འབའ་གཞུང་དུ

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བར་སྐབས་འདིའི་སྙན་ངག

2011-03-21 འབའ་ཚེ་སྨྱོན། ཀློག་གྲངས། མཆན ཡོད།

 

དེ་རིང་གི་སྨྱོན་པ་ངས   དེ་རིང་གི་ཕ་ཡུལ་ན
ཕ་མ་དང་ལྷན་དུ་ལོ་སར་གྱི་དགའ་སྤྲོའི་ཡོ་ལང་ལ་རོལ་བཞིན་ལ
ཁ་བཏགས་ལྟ་བུའི་སེམས་པ་འདི་ཡང་སྤྲོ་བས་འཚོས་ཆོག་ཆོག་ཡིན
ཉིན་རྒྱུན་ཇེ་མང་དུ་འགྲོ་བཞིན་པའི་སྨྲ་རའི་གྲངས་ཀ་བསམས་ན  ཁོ་བོའང
སེམས་ཚེགས་ཤིག་དང་བསམ་གཞིགས་ཤིག་གི་ཀློང་དུ་བརྐྱངས་འགྲོ་ལ
སེམས་ཚེགས་ཁྲོད་རྒས་བཞིན་པའི་པོ་ཏ་ལའི་མདུན་ལྗོངས་དྲན་ན
ཕ་ཡུལ་ལ་བཅངས་པའི་མིག་མདུན་གྱི་བསྟོད་རྩོམ་དག་ཀྱང
ཟེགས་བཞིན་པའི་མཆུ་མས་རྒྱང་རིང་དུ་འཁུར་འགྲོ་ཨང
ནམ་རྒྱུན་མིང་གྲགས་དང་ཁེ་དབང་ཟ་ཞིང
རྩོམ་པ་པོའི་མིང་ལྷག་འཁུར་མཁན་ཚོས
སློབ་ཆུང་གི་སྐབས་སུ་བྲིས་པའི་བསྟོད་རྩོམ་དེ
ད་ལྟའང་ད་དུང་དུས་དེབ་སོགས་སུ་འགོད་བཞིན་ལ
ཅི་ཞིག་གི་ན་ཟུག་གིས་བསྐྱེད་པའི་ཤེས་རྟོགས་དེ་ལའང
ད་ལྟའང་ད་དུང་དགྲ་རུ་ཡོད་ཚུལ་སུ་ལ་གླེང་ཨང
ད་ལྟ་ཁོ་བོས་ཅི་ཡང་མི་བསམ་ལ   ཅི་ཡང་མི་བསམ་པའི་དེ་རིང
མང་རྫོང་ཡུལ་གྱི་ཁོ་མོའི་མཛེས་སྡུག་གི་བཞིན་རས་ཀྱང
ཡིད་ལ་ཝ་ལར་འཁོར་བྱུང་ལ
དྲན་གཞུང་ན་རྩེན་པའི་སྙིང་ཆུང་དམར་བོར   ལག་སྙོབ་ཅིག་བྱེད་བཞིན
ཁ་རོག་གེར་སྡོད་ཟེར་ག་ལ་ཐུབ
                           2011/2/6ཉིན་འབའ་གཞུང་དུ

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།