རྒྱང་རིང་ལ་ཕུལ་བའི་འཕྲིན།

 

འུ་ཅག་གནས་དེ་ནས་ཁད་ཀྱིས་གྱེས་ཕྱིན།
རྔམས་འཐུག་པའི་མི་ཚོགས་ཀྱི་ངོ་གདོང་ཇི་ལྟར་གླེང་ཡང་།
མཐར་རང་དབང་ཕྲ་བའི་ཚེ་སྲོག་སྤུ་ཉག་དེས།
མི་གཞིར་ཐམ་ག་རྣལ་མ་ཞིག་ཀྱང་ཡེ་ནས་བཏབ་མ་ཐུབ།
 
མཐིང་མདོག་གི་མཁའ་ལྡིང་བཞུད་ཤུལ་ནས།
འཕུར་ལ་བྲེལ་བའི་འདབ་ཆགས་གཞན་དང་ལྷན་དུ།
ཨ་རིའི་ཐད་སྐྱོད་གནམ་གྲུའི་གཤོག་འགྱུར་ལྟར།
གསེར་ལྗོངས་སུ་ལྡིང་སྐོར་གང་མང་བྱས་པས་ང་ཡང་སྤྲོ།
 
བར་ཐག་རི་ཆུའམ་ལེ་དབར་གྱིས་ཆོད་ན།
སེམས་པ་ནི་སྔར་བཞིན་ཉེ་ས་ནས་ཉེ་སར་དུད་དེ།
ལུས་ངག་ན་ཕྱི་ནང་མེད་པར་ཤ་སྦྲང་བཞིན་འཁོར་ལ།
འབྲལ་མེད་ཀྱི་གྲིབ་མ་ནག་པོ་དེ་གཞི་ནས་ང་ཡིན།
 
མིག་ལོང་བཞིན་གཞན་གྱི་རྡོག་སྒྲར་ཉན་ལ།
ལྐུག་པ་བཞིན་གཞན་གྱིས་བཤད་སྟངས་ལ་ཅེར་གྱིན།
ལད་ཟློས་ལས་ཡང་ན་སྒལ་ཚིགས་མེད་པའི་སྨྱོན་པ་ང་ཡང་།
འཁྲེང་ཞེན་བརྩེགས་མའི་རྨི་ལམ་ཞིག་ལ་ཁེན་ཡོད།
 
ཐེར་ཟུག་གི་འཇིག་རྟེན་དེར་ད་དུང་ཁ་ཐག་རིང་།
ཐ་སྙད་ཀྱི་ལག་ཁྲུ་མཁྲེགས་པོས་ཇི་ལྟར་འཇལ་ཡང་།
བཅོས་མའི་ངོ་གདོང་ཞིག་ལས་མཐོང་དཀའ་ལ།
ང་དང་ལྷན་དུ་དབྱངས་གསལ་གྱི་ཀོ་གྲུར་ཞུགས་ན་སྙམ།
 
མི་ཁའི་ཐན་སྐད་སྒྲོག་སླ་བའི་དེ་ཁ་སང་།
སྐད་འཛེར་འཛེར་དེ་ཡན་ཁྱི་ལྡོམ་པོའི་ངུ་ཟུག་ལྟར་འགྱུར་ཡང་།
མུན་པ་མཆེད་དྲག་པའི་འཇིག་རྟེན་རྙིང་ཀོག་དེར།
འབར་ཞུན་རྐང་གཅིག་གི་འོད་ཟེར་མཉམ་དུ་སྦར་ན་འདོད།
 
འཕྲིན་པ་དེ་མགོ་ཐོག་གི་སྤྲིན་དཀར་དེས་ཁྱོད་ལ་གཏད་དུས།
ངོས་གཙང་དུངས་ཞེན་གྱི་ཕྱག་རྒྱ་མི་ལྷོད་པར་ལྟོས་དང་།
སེམས་པ་ནི་ལྷ་མོ་ཞིག་ཡིན་པའི་དབང་དུ་བྱས་ན།
ཉམས་དགུ་ལྡན་གྱི་བརྡ་གླུ་ཐོར་བུ་ཞིག་ཀྱང་སྣང་ཆོག
 
                         སྤྱི་ལོ༢༠༡༡ཟླ༡ཚེས༡༧ནུབ་མོར་ཉི་གླིང་གི་རང་ཤག་ཏུ་བྲིས།།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྒྱང་རིང་ལ་ཕུལ་བའི་འཕྲིན།

2011-03-16 དུར་འཕག ཀློག་གྲངས། མཆན ཡོད།

 

འུ་ཅག་གནས་དེ་ནས་ཁད་ཀྱིས་གྱེས་ཕྱིན།
རྔམས་འཐུག་པའི་མི་ཚོགས་ཀྱི་ངོ་གདོང་ཇི་ལྟར་གླེང་ཡང་།
མཐར་རང་དབང་ཕྲ་བའི་ཚེ་སྲོག་སྤུ་ཉག་དེས།
མི་གཞིར་ཐམ་ག་རྣལ་མ་ཞིག་ཀྱང་ཡེ་ནས་བཏབ་མ་ཐུབ།
 
མཐིང་མདོག་གི་མཁའ་ལྡིང་བཞུད་ཤུལ་ནས།
འཕུར་ལ་བྲེལ་བའི་འདབ་ཆགས་གཞན་དང་ལྷན་དུ།
ཨ་རིའི་ཐད་སྐྱོད་གནམ་གྲུའི་གཤོག་འགྱུར་ལྟར།
གསེར་ལྗོངས་སུ་ལྡིང་སྐོར་གང་མང་བྱས་པས་ང་ཡང་སྤྲོ།
 
བར་ཐག་རི་ཆུའམ་ལེ་དབར་གྱིས་ཆོད་ན།
སེམས་པ་ནི་སྔར་བཞིན་ཉེ་ས་ནས་ཉེ་སར་དུད་དེ།
ལུས་ངག་ན་ཕྱི་ནང་མེད་པར་ཤ་སྦྲང་བཞིན་འཁོར་ལ།
འབྲལ་མེད་ཀྱི་གྲིབ་མ་ནག་པོ་དེ་གཞི་ནས་ང་ཡིན།
 
མིག་ལོང་བཞིན་གཞན་གྱི་རྡོག་སྒྲར་ཉན་ལ།
ལྐུག་པ་བཞིན་གཞན་གྱིས་བཤད་སྟངས་ལ་ཅེར་གྱིན།
ལད་ཟློས་ལས་ཡང་ན་སྒལ་ཚིགས་མེད་པའི་སྨྱོན་པ་ང་ཡང་།
འཁྲེང་ཞེན་བརྩེགས་མའི་རྨི་ལམ་ཞིག་ལ་ཁེན་ཡོད།
 
ཐེར་ཟུག་གི་འཇིག་རྟེན་དེར་ད་དུང་ཁ་ཐག་རིང་།
ཐ་སྙད་ཀྱི་ལག་ཁྲུ་མཁྲེགས་པོས་ཇི་ལྟར་འཇལ་ཡང་།
བཅོས་མའི་ངོ་གདོང་ཞིག་ལས་མཐོང་དཀའ་ལ།
ང་དང་ལྷན་དུ་དབྱངས་གསལ་གྱི་ཀོ་གྲུར་ཞུགས་ན་སྙམ།
 
མི་ཁའི་ཐན་སྐད་སྒྲོག་སླ་བའི་དེ་ཁ་སང་།
སྐད་འཛེར་འཛེར་དེ་ཡན་ཁྱི་ལྡོམ་པོའི་ངུ་ཟུག་ལྟར་འགྱུར་ཡང་།
མུན་པ་མཆེད་དྲག་པའི་འཇིག་རྟེན་རྙིང་ཀོག་དེར།
འབར་ཞུན་རྐང་གཅིག་གི་འོད་ཟེར་མཉམ་དུ་སྦར་ན་འདོད།
 
འཕྲིན་པ་དེ་མགོ་ཐོག་གི་སྤྲིན་དཀར་དེས་ཁྱོད་ལ་གཏད་དུས།
ངོས་གཙང་དུངས་ཞེན་གྱི་ཕྱག་རྒྱ་མི་ལྷོད་པར་ལྟོས་དང་།
སེམས་པ་ནི་ལྷ་མོ་ཞིག་ཡིན་པའི་དབང་དུ་བྱས་ན།
ཉམས་དགུ་ལྡན་གྱི་བརྡ་གླུ་ཐོར་བུ་ཞིག་ཀྱང་སྣང་ཆོག
 
                         སྤྱི་ལོ༢༠༡༡ཟླ༡ཚེས༡༧ནུབ་མོར་ཉི་གླིང་གི་རང་ཤག་ཏུ་བྲིས།།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།