བདག་གི་སང་ཉིན།
ངས་བརྗོད་པ་དག་ཁྱོད་ཀྱིས་མི་རྟོགས་པར་ཞུ
ངས་བསྒྲུབ་འདོད་པ་དག་ཁྱོད་ཀྱིས་མི་མཐོང་བར་སྨོན
དུས་ཚོད་ཀྱི་རླབས་གཉེར་ལ་ཟུག་པའི
དུངས་ཞེན་གྱི་སོར་གདུབ་ངོས་སུ
དཀོན་མཆོག་ཁོ་ནར་དབང་བའི
ཚེ་རབས་ཀྱི་རླུང་རྟ་དཀར་པོ་དེ
བསྐལ་བ་འདིའི་སྐལ་བར་གདམས་པའི
རྟག་བརྟན་ལ་སྒུག་ངེས་པའི
བདག་གི་སང་ཉིན་ཡིན
རྩོམ་ཁུངས། ངེད་དྲ་བ།