དུས་ཚོད་དང་ཉེ་བར་བཅར་ཚུལ།
ཉི་མ་ནུབ་ཀྱིན་པ་དང་སྙིང་ཆུང་ལྡིང་གིན་པ་ལས
དུས་ཚོད་ཀྱི་ཐག་སྒྲ་རེ་རེ་ནི སྐྱི་ལྤགས་ཀྱི་བུ་ག་རེ་ལ་འཛུལ་བའི
ལོ་ཏོག་གི་ཟེའུ་འབྲུ་རེ་རེ་དང་འདྲ
མདའ་ཁབ་ཀྱི་འཁོར་ཕྱོགས་ལྟར
རང་ཉིད་ཀྱང་ཡོངས་སུ་འཁོར་གྱིན་པ་འདི
འཆི་བདག་གི་ཡིག་ཚགས་གཟེས་ཚུལ་རེད་ཨང
ཐག་སྒྲ་གཅིག་གི་སྐད་ཅིག་མ་དེ་ནི
སྙིང་ལ་ཁུང་བུ་བརྟོལ་བའི་ཁྲག་གི་སྐུད་པ་ཞིག་དང་འདྲ་བར
སྙིང་དང་མགོ་བོ་བཅས་ལུས་ཡོངས་ཟིན་ཚར་དུས
ཡུན་གྱིས་འགུལ་གྱིན་པའི་སྐད་མིག་མ་དེ
མགྱོགས་པོར་སྣང་བའི་དྲན་ངོ་ན་རྫོགས་ཚིག་དུ་གྲུབ་ཡོད
བཀས་བཀོད་རྒྱུད་འཛིན་གྱི་རྒྱལ་ཁོངས་བཞིན
དུས་ཚོད་ནི་འབྱམས་བླས་ཤིང རྨོངས་འཐོམས་དང་འོ་དོད་བརྒལ་བའི
དཔའ་བོ་ཁེར་ཚུགས་ཅན་ལྟ་བུ་ཞིག
༢༠༡༡ ༠༢ ༢༠ཉིན་རྩེ་ཁོག་ནས།
རྩོམ་ཁུངས། ངེད་དྲ་བ།