ཉི་མ་ནུབ་ཤུལ་ཏུ་ཟླ་བ་མ་ཤར་།

མང་བ་བྱེ་རླུང་གི་གྲངས་ཀྱི་ཚད་ལས་འགོངས་ནས། །
ཆེ་བ་དབང་ཆེན་གྱི་ས་གཞི་ཤུགས་ཀྱིས་གཡོས་ནས། །
རིག་པ་ས་ཆེན་གྱི་ཁྱོན་ནས་རིང་དུ་འགོངས་དེ། །
སྟོབས་པ་རྒྱ་ཆེན་ཞིག་གོ་ལའི་ཕྱོགས་སུ་ཁྱབ་སོང་། །

རུས་པ་དཀར་པོ་ཞིག་དུར་ཁྲོད་ཁུང་དུ་བཞག་ནས། །
མེད་པ་གསུམ་ལྡན་ཞིག་ཐོད་སྐམ་ངོས་སུ་དཔར་ཏེ། །
ཉི་མ་ཟླ་བ་དང་ཚེ་ཞགས་རྐང་པས་མནན་ནས། །
མུན་པ་ནག་པོ་དེ་ཕ་མཐར་འཕྲད་དུ་བསྐྱུགས་ཡོད། །

ཁ་བ་མཐུག་པོ་ཞིག་པང་གཞུང་ངོས་སུ་བབས་ནས། །
བརྩེ་བ་ཟབ་མོ་ཞིག་སེམས་ཀྱི་གཏིང་དུ་རུམ་ཡང་། །
སྡང་བ་དྲག་པོ་དེ་ཤུགས་འབྱུང་དར་གྱིས་ཐོན་ཏེ། །
སྐྲག་སྣང་མཚར་བོ་དེ་ཕྱོགས་དང་ཕྱོགས་སུ་ལྡང་ཡོད། །

ཟབ་པ་མི་རྟོག་གི་བྱ་བ་ལྐོག་ཏུ་ཡིབས་ནས། །
མཐོང་བ་དོན་ལྡན་གྱི་ནོར་བུ་རྡོག་པས་གཞུས་དེ། །
ཕངས་བ་ས་གསུམ་གྱི་ཡུལ་ལས་འདས་པར་གྱུར་པ། །
འོད་སྣང་བཀྲགས་ལྡན་ཞིག་སྔ་ནས་གཟིམ་དང་མཚུངས་སོ། །

སྟོང་བ་རྟེན་འབྱུང་གི་གྲུབ་ལུགས་གཞི་ནས་རྟོག་སྟེ། །
ལྟ་བ་མཆོག་གྲུབ་ཀྱི་ས་ཞིག་དངོས་གནས་ཟིན་ནས། །
སྙོམས་པ་འཇིག་རྟེན་ཀྱི་ཁོལ་ལ་ཚིག་གཅིག་ལབ་ནོ། །
རེ་བ་དྭངས་མོ་དེ་བསྒྱུར་སྐུལ་མེད་ཚུལ་ཡིན་ཟེར། །

སེམས་པ་རུལ་ཟིན་ཤིག་གནའ་བོའི་ཀེ་ཤའི་རིག་གནས། །
བསམ་འདུན་བཙོག་པོ་ཞིག་དེང་རབས་རིག་པའི་ཉིང་དྲོད། །
དཀྱེལ་ཡངས་བསམ་བློ་ཡི་ཁོག་ངོས་ནག་ཐིགས་མཐུག་པོས། །
ཡིན་མིན་འོས་མིན་གྱི་བརྡབ་གསིག་ལན་མང་བརྒྱབ་འདུག །

ལུང་བ་མདོ་དྲུག་གི་བཤུལ་ལམ་འཕྲད་ཀྱིས་བཅད་ནས། །
བཤད་པ་ཁྲི་སྟོང་གི་རྒྱུན་ཐག་དར་གྱིས་བརྒྱུས་དེ། །
དུང་བ་དུད་སྤྲིན་བཞིན་དགུང་ཁའི་དབྱིངས་སུ་བསྐྱོད་ནོ། །
སུ་ཡིས་འཕྲད་མ་རུ་ཁྱུར་མིད་བྱས་པ་ཡིན་ནོ། །

ལས་ལ་དབང་ཆེན་གྱི་བཅོས་བསྒྱུར་སྔ་ནས་མེད་པ། །
སེམས་ལ་སྟོབས་ལྡན་གྱི་ཁ་ལོ་གཞི་ནས་བསྒུལ་བ་། །
དོད་པ་སུམ་གཉིས་ཤིག་ལག་པའི་མཐིལ་དུ་བཟུང་ནས། །
མིད་པ་ཡན་ཆད་ཀྱི་སྐད་ཆ་ལབ་ནི་མ་རེད། །
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཉི་མ་ནུབ་ཤུལ་ཏུ་ཟླ་བ་མ་ཤར་།

2011-03-01 ཞོགས་འོད། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།