ཉིན་དེ་ནས་བཟུང་།

 

ཁྱེད་རང་ངའི་འཇིག་རྟེན་ལ་ཐོན་པའི་ཉིན་དེ་ནས་བཟུང་།
གོམ་པ་རེ་རེར་བསམ་བློ་རེ་རེ་ཡོད་ལ།
མིག་འཛུམ་རེ་རེར་གྲིབ་གཟུགས་རེ་རེ་སྣང་།
དུས་དེར།
ཕྱི་རོལ་ན་ཁ་བ་མོད་ཀྱང་།
ངའི་སེམས་པ་དགོད་སྒྲས་ཁེངས།
ས་སྲོད་ཀྱི་དུས་དེར།
མཁའ་མཐའི་མཚམས་སྤྲིན་ལ་ཅེར་ནས།
ཁྱོད་དྲན་པའི་སྙན་ངག་རེ་འབྲི་དུས།
སེམས་འཁྲེང་བའི་མིག་ཆུས་འགྲམ་པའི་མཁུར་མགོ་བརླན།
འདི་ནི་ཁྱེད་ལ་དུངས་དྲགས་པའི་ཡིན་ནམ།
ཡང་ན་ཁྱེད་རང་དྲན་དྲགས་པའི་ཡིན།
གང་ལྟར།
འདས་ཟིན་པའི་ལོ་ཟླ་རིང་མོ།
གླུ་སྐད་དང་དགོད་སྒྲས་ཁེངས་པའི་ལོ་ཟླ།
ད་ལྟ་ཡོད་ཚད་འཇམ་ཅག་གེར།
སྟོང་སེང་ངེར་གནས།
སྟོང་སེམས།
དྲན་གདུང་།
བུ་ཡུག་འཚུབ་པའི་ཁོར་ཡུག་འདི་ནས།
ཉིན་མཚན་ལ་དབྱེ་བ་མེད་པར་ངས་ཁྱེད་རང་སྒོམ།
སྐྱོ་སྡུག་གི་གླུ་ཆུང་ལེན་བཞིན་རྒྱང་རིང་གི་ཁྱེད་ཧ་ཅང་དྲན།
ངས་ཁ་སང་ཁྱེད་རང་དྲན་ལ།
དོ་ནུབ་ཡང་ཁྱེད་རང་དྲན།
ཁྱོད་དྲན་དུས་ལྐོག་གྱུར་གྱི་མཆི་མ་འཐོར་ཞིང་།
སྣེ་གཉིས་ཀྱི་མཇལ་སྐལ་ལ་སྨོན་པ་དྲག
འདི་ལྟར།
སྐྱོ་སྡུག་གི་ན་ཟུག་དེ་སྨྱུག་རྩེ་ནས་གླེང་ཞོར།
འདས་ཟིན་པའི་ལོ་ཟླ་ལ་སྡོམ་ཚིག་རེི་འགོད་དུས།
ཡང་བསྐྱར་ཁྱེད་རང་དྲན།
                            
                     ༢༠༡༠ལོའི་ཟླ༥བའི་ཚེས་༣༠ཉིན་གྱི་ཕྱི་དྲོ་མལ་ཁང་དུ། 
                             

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཉིན་དེ་ནས་བཟུང་།

2011-03-01 གཡང་སྒྲོན། ཀློག་གྲངས། མཆན ཡོད།

 

ཁྱེད་རང་ངའི་འཇིག་རྟེན་ལ་ཐོན་པའི་ཉིན་དེ་ནས་བཟུང་།
གོམ་པ་རེ་རེར་བསམ་བློ་རེ་རེ་ཡོད་ལ།
མིག་འཛུམ་རེ་རེར་གྲིབ་གཟུགས་རེ་རེ་སྣང་།
དུས་དེར།
ཕྱི་རོལ་ན་ཁ་བ་མོད་ཀྱང་།
ངའི་སེམས་པ་དགོད་སྒྲས་ཁེངས།
ས་སྲོད་ཀྱི་དུས་དེར།
མཁའ་མཐའི་མཚམས་སྤྲིན་ལ་ཅེར་ནས།
ཁྱོད་དྲན་པའི་སྙན་ངག་རེ་འབྲི་དུས།
སེམས་འཁྲེང་བའི་མིག་ཆུས་འགྲམ་པའི་མཁུར་མགོ་བརླན།
འདི་ནི་ཁྱེད་ལ་དུངས་དྲགས་པའི་ཡིན་ནམ།
ཡང་ན་ཁྱེད་རང་དྲན་དྲགས་པའི་ཡིན།
གང་ལྟར།
འདས་ཟིན་པའི་ལོ་ཟླ་རིང་མོ།
གླུ་སྐད་དང་དགོད་སྒྲས་ཁེངས་པའི་ལོ་ཟླ།
ད་ལྟ་ཡོད་ཚད་འཇམ་ཅག་གེར།
སྟོང་སེང་ངེར་གནས།
སྟོང་སེམས།
དྲན་གདུང་།
བུ་ཡུག་འཚུབ་པའི་ཁོར་ཡུག་འདི་ནས།
ཉིན་མཚན་ལ་དབྱེ་བ་མེད་པར་ངས་ཁྱེད་རང་སྒོམ།
སྐྱོ་སྡུག་གི་གླུ་ཆུང་ལེན་བཞིན་རྒྱང་རིང་གི་ཁྱེད་ཧ་ཅང་དྲན།
ངས་ཁ་སང་ཁྱེད་རང་དྲན་ལ།
དོ་ནུབ་ཡང་ཁྱེད་རང་དྲན།
ཁྱོད་དྲན་དུས་ལྐོག་གྱུར་གྱི་མཆི་མ་འཐོར་ཞིང་།
སྣེ་གཉིས་ཀྱི་མཇལ་སྐལ་ལ་སྨོན་པ་དྲག
འདི་ལྟར།
སྐྱོ་སྡུག་གི་ན་ཟུག་དེ་སྨྱུག་རྩེ་ནས་གླེང་ཞོར།
འདས་ཟིན་པའི་ལོ་ཟླ་ལ་སྡོམ་ཚིག་རེི་འགོད་དུས།
ཡང་བསྐྱར་ཁྱེད་རང་དྲན།
                            
                     ༢༠༡༠ལོའི་ཟླ༥བའི་ཚེས་༣༠ཉིན་གྱི་ཕྱི་དྲོ་མལ་ཁང་དུ། 
                             

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།