ང་ཚོ་ནི་གཏན་སྡོད་འབྲོག་པ་ཡིན།

 


སོ་ཕག་ཁོག་སྟོང་གི་ཁང་བ་གྱན་གསུམ་པོར
སོ་ཕག་ཁོག་སྟོང་གི་ར་སྐོར་སྙིང་ལ་རྗེ་བོ་ཞིག་ཡོད
སོ་ཕག་ཁོག་སྟོང་གི་ཁང་བ་གྱན་གསུམ་པོས
ང་ཚོ་ལ་དབྱར་ཁ་བསིལ་བསིལ་གནང་དགོས་པ་དང
དགུན་ཁ་དྲོ་དྲོ་གནང་འོས་པའི་དྲན་གསོས
བསིལ་བསིལ་གནང་བྱེད་ཀྱི་རྒྱ་ལྭ་ཡོད་ན
དྲོ་དྲོ་གནང་བྱེད་ཀྱི་ཨོང་བ་ཡོད་ན
ང་ཚོ་ནི་གཏན་སྡོད་འབྲོག་པ་ཡིན
གཏན་དུ་སྡོད་རྒྱུ་ཡོང་ན
 
ལོ་སར་རེ་རེར
རྫོང་དཔོན་སྐུ་ངོས་ང་རང་དྲན་ཞིང
ཁོང་གིས་ཕྱག་གཡས་པས་གཡོན་པ་བཟུང་ཞིང་འོང
ཁོང་གི་སྐུ་འཁོར་དག་གིས་ཀྱང
ཕྱག་གཡས་པ་གཡོན་པ་རྡེག་གིན་འོང
ངས་ཀྱང་གཡས་ལག་གིས་གཡོན་ལག་བཟུང
ཡང་གཡས་ལག་གིས་གཡོན་ལག་ལ་བརྡེགས་པས
དྲོད་སྣང་དེ་བྲང་ལ་སྦྱར་ན་ཡིད་ལ་ཤར་བ
ང་ཚོ་ནི་གཏན་སྡོད་འབྲོག་པ་ཡིན
 
ད་ལོ་དགུན་ཁ་འབྲོག་པ་སྐམ་བཙོང་ཞིག་གི་ས་ནས
མ་མོ་ཤི་རོ་ཞིག་ཉོས་ཤིང
སྒྱེད་པུའི་མེ་འོད་ཀྱིས་གདོང་བ་ངར་གྱིན་ཡོད་ཚུལ་གྱིས
ཤ་ཞིག་བཙོས་པར
ཆུང་མས་ཤབ་ཤུབ་ངང་
ཤ་ལྷག་ཁྱིམ་མཚེས་ཀྱི་འཁྱག་སྒམ་དུ་བཅོལ་ན་ལབ་བྱུང
 
ང་ཚོ་ནི་གཏན་སྡོད་འབྲོག་པ་ཡིན

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ང་ཚོ་ནི་གཏན་སྡོད་འབྲོག་པ་ཡིན།

2011-02-22 གཡག་བུ་དཔལ་རྩལ། ཀློག་གྲངས། མཆན ཡོད།

 


སོ་ཕག་ཁོག་སྟོང་གི་ཁང་བ་གྱན་གསུམ་པོར
སོ་ཕག་ཁོག་སྟོང་གི་ར་སྐོར་སྙིང་ལ་རྗེ་བོ་ཞིག་ཡོད
སོ་ཕག་ཁོག་སྟོང་གི་ཁང་བ་གྱན་གསུམ་པོས
ང་ཚོ་ལ་དབྱར་ཁ་བསིལ་བསིལ་གནང་དགོས་པ་དང
དགུན་ཁ་དྲོ་དྲོ་གནང་འོས་པའི་དྲན་གསོས
བསིལ་བསིལ་གནང་བྱེད་ཀྱི་རྒྱ་ལྭ་ཡོད་ན
དྲོ་དྲོ་གནང་བྱེད་ཀྱི་ཨོང་བ་ཡོད་ན
ང་ཚོ་ནི་གཏན་སྡོད་འབྲོག་པ་ཡིན
གཏན་དུ་སྡོད་རྒྱུ་ཡོང་ན
 
ལོ་སར་རེ་རེར
རྫོང་དཔོན་སྐུ་ངོས་ང་རང་དྲན་ཞིང
ཁོང་གིས་ཕྱག་གཡས་པས་གཡོན་པ་བཟུང་ཞིང་འོང
ཁོང་གི་སྐུ་འཁོར་དག་གིས་ཀྱང
ཕྱག་གཡས་པ་གཡོན་པ་རྡེག་གིན་འོང
ངས་ཀྱང་གཡས་ལག་གིས་གཡོན་ལག་བཟུང
ཡང་གཡས་ལག་གིས་གཡོན་ལག་ལ་བརྡེགས་པས
དྲོད་སྣང་དེ་བྲང་ལ་སྦྱར་ན་ཡིད་ལ་ཤར་བ
ང་ཚོ་ནི་གཏན་སྡོད་འབྲོག་པ་ཡིན
 
ད་ལོ་དགུན་ཁ་འབྲོག་པ་སྐམ་བཙོང་ཞིག་གི་ས་ནས
མ་མོ་ཤི་རོ་ཞིག་ཉོས་ཤིང
སྒྱེད་པུའི་མེ་འོད་ཀྱིས་གདོང་བ་ངར་གྱིན་ཡོད་ཚུལ་གྱིས
ཤ་ཞིག་བཙོས་པར
ཆུང་མས་ཤབ་ཤུབ་ངང་
ཤ་ལྷག་ཁྱིམ་མཚེས་ཀྱི་འཁྱག་སྒམ་དུ་བཅོལ་ན་ལབ་བྱུང
 
ང་ཚོ་ནི་གཏན་སྡོད་འབྲོག་པ་ཡིན

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།