མཛེས་པའི་བུ་མོ།

ཆོས་འཁོར་ཚེ་དཔག་སྐྱབས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-02-20

མཛེས་པའི་ལུས་ལ་མཛའ་བའི་གོས།།
དཀར་བའི་བཞིན་ལ་དུངས་པའི་ཉམས།།
ཤར་བ་མཐོང་བས་ལྷ་མོ་འགའ།།
སྐྱེངས་ཏེ་མ་ནུས་བྲོས་པར་བཤད།།

ཁྱོད་ཞལ་པདྨོ་འཛུམ་པ་ལ།།        
བདག་ཡིད་བུང་བ་བག་མེད་རྩེན།།
འདོད་པའི་ཟེའུ་འབྲུ་ཕྱིར་དབྱུང་ན།།
སྲེད་ལྡན་འགའ་ནི་སྨྱོ་ཡང་སྲིད།།

ཡིད་གར་འོང་བའི་བྲང་གཞུང་དུ།།
རབ་ཏུ་སྨིན་པའི་མྱོས་བུམ་ཟུང༌།།
གར་གྱི་སྦྱོར་བར་བྲེལ་བ་ནི།།
གནག་ནས་མནར་གཅོད་བྱེད་དང་མཚུངས།།

དར་གོས་རླུང་གིས་བསྐྱོད་འདྲ་བའི།།
མཉེན་ལྕུག་འཛོམས་པའི་ལུས་པོ་ལ།།
ཆ་ལུགས་གཙང་མའི་རྒྱན་བཏགས་པས།།
རྨ་བྱའི་ཚོགས་ཀྱང་ཧད་དེ་ལུས།།

སྤྱན་མཐའ་མཆི་མས་བརླན་ན་ཡང༌།།
ཆུ་ཡི་ཟེགས་མས་བཟུང་བ་ཡི།།
མེ་ཏོག་རྣམས་ནི་མཚར་བ་ལྟར།།
ལྷག་ཏུ་སྒེག་པའི་སྣང་བ་སྦྱིན།།

རང་བཞིན་འཇམ་པོ་བལ་གྱི་གཤིས།།
གཡོ་ཟོལ་བྲལ་བ་བྱིས་པའི་བློ།།
བདག་གཞན་ཀུན་ལ་དབྱེར་མེད་བརྩེ།།
དྲན་པའི་མོད་ལ་ཐམས་ཅད་རྩོད།།

ཞེན་པའི་གཞུ་མོ་བཀུགས་པ་ནས།།
ཤོར་བའི་ཟུར་མིག་ཉག་ཕྲན་མདའ།།
སུ་ཡི་སྙིང་ལ་ཕོག་གྱུར་ཚེ།།
སྤྲོ་དགའི་ཟློས་གར་ཅི་ཡང་བསྒྱུར།།

ཡིད་འཕྲོག་བཟོ་ལྟ་མ་ལུས་པ།།
འཁྲེང་བའི་སེམས་ཀྱིས་བསྐྱར་བ་ཡིས།།
རྨི་ལམ་མངར་མོའི་གཞིས་ཁྱིམ་དུ།།
ཡང་ནས་ཡང་དུ་འདྲེན་པར་རྩོམ།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མཛེས་པའི་བུ་མོ།

2011-02-20 ཆོས་འཁོར་ཚེ་དཔག་སྐྱབས། ཀློག་གྲངས། མཆན ཡོད།

མཛེས་པའི་ལུས་ལ་མཛའ་བའི་གོས།།
དཀར་བའི་བཞིན་ལ་དུངས་པའི་ཉམས།།
ཤར་བ་མཐོང་བས་ལྷ་མོ་འགའ།།
སྐྱེངས་ཏེ་མ་ནུས་བྲོས་པར་བཤད།།

ཁྱོད་ཞལ་པདྨོ་འཛུམ་པ་ལ།།        
བདག་ཡིད་བུང་བ་བག་མེད་རྩེན།།
འདོད་པའི་ཟེའུ་འབྲུ་ཕྱིར་དབྱུང་ན།།
སྲེད་ལྡན་འགའ་ནི་སྨྱོ་ཡང་སྲིད།།

ཡིད་གར་འོང་བའི་བྲང་གཞུང་དུ།།
རབ་ཏུ་སྨིན་པའི་མྱོས་བུམ་ཟུང༌།།
གར་གྱི་སྦྱོར་བར་བྲེལ་བ་ནི།།
གནག་ནས་མནར་གཅོད་བྱེད་དང་མཚུངས།།

དར་གོས་རླུང་གིས་བསྐྱོད་འདྲ་བའི།།
མཉེན་ལྕུག་འཛོམས་པའི་ལུས་པོ་ལ།།
ཆ་ལུགས་གཙང་མའི་རྒྱན་བཏགས་པས།།
རྨ་བྱའི་ཚོགས་ཀྱང་ཧད་དེ་ལུས།།

སྤྱན་མཐའ་མཆི་མས་བརླན་ན་ཡང༌།།
ཆུ་ཡི་ཟེགས་མས་བཟུང་བ་ཡི།།
མེ་ཏོག་རྣམས་ནི་མཚར་བ་ལྟར།།
ལྷག་ཏུ་སྒེག་པའི་སྣང་བ་སྦྱིན།།

རང་བཞིན་འཇམ་པོ་བལ་གྱི་གཤིས།།
གཡོ་ཟོལ་བྲལ་བ་བྱིས་པའི་བློ།།
བདག་གཞན་ཀུན་ལ་དབྱེར་མེད་བརྩེ།།
དྲན་པའི་མོད་ལ་ཐམས་ཅད་རྩོད།།

ཞེན་པའི་གཞུ་མོ་བཀུགས་པ་ནས།།
ཤོར་བའི་ཟུར་མིག་ཉག་ཕྲན་མདའ།།
སུ་ཡི་སྙིང་ལ་ཕོག་གྱུར་ཚེ།།
སྤྲོ་དགའི་ཟློས་གར་ཅི་ཡང་བསྒྱུར།།

ཡིད་འཕྲོག་བཟོ་ལྟ་མ་ལུས་པ།།
འཁྲེང་བའི་སེམས་ཀྱིས་བསྐྱར་བ་ཡིས།།
རྨི་ལམ་མངར་མོའི་གཞིས་ཁྱིམ་དུ།།
ཡང་ནས་ཡང་དུ་འདྲེན་པར་རྩོམ།།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།