ཡུལ་ཤུལ་ལ་སེམས་གླན་པ།

 

ཞོགས་པ་དེར་སེམས་པ་འདར་གྱིན་འདུག
དུས་ཚོད་ཀྱི་འབོད་བརྡ་མེད་པར
ཁོར་ཡུག་གི་འུར་ཟང་མེད་པར
གཉིད་ཐུན་རེའི་བར་མཚམས་དང་དེའི་མཇུག་ཐོག་དུ
དྲན་འོང་བ་ནི་ཡུལ་ཤུལ་དང་སྤུན་ཟླ་གྲངས་མེད
ན་ནིང་གི་དེ་རང་དེ༤ ༡༤ ཉིན
ཤུ་གསོན་གཉིས་ཀྱི་ལམ་ཁ་གང་རུང་ནས
བཟོད་མེད་ཀྱི་སྡུག་བསྔལ་བརྩེགས་པའི་ཡུལ་ཤུལ
མིག་ཆུ་དང་སྡུལ་ཚུབ་ཀྱི་བར་ན
སྐྱབས་མེད་མགོན་མེད་དུ་ལས་པའི་སྐྱོ་བ་དེས
སེམས་པ་སྡུག་ལ་གཏད་སོང་བ་དེའོ
ངས་དེ་ཚོ་རེ་རེ་བཞིན་སེམས་པས་སློག་དུས
རང་ཉིད་ཀྱིས་མྱོང་བའི་ཡུལ་དེའི་ཚོར་བ་དག་དྲན་འོང་གི
ཁ་ཡག་ཅིག་བཤད་ན་ཡུལ་ཤུལ་བ་ཚོ
ང་ཚོ་ནམ་ཡང་ཁྱེད་ཀྱི་གྲོགས་པོ་ཡིན་ལ་ཁྱེད་ལ་དུངས
ང་ཚོའི་བརྩེ་སེམས་དེ་སྔོན་མའི་ལག་འཇུ་ཁོ་ན་མ་ཡིན་པར
གཏན་ཏུ་སྐྱིད་རོགས་ཡིན་སྡུག་རོགས་བྱེད
དོན་དངོས་སུ་སྡུག་བསྔལ་མྱོང་མཁན་དེ་ཁྱེད་ཚོ་ཡིན་པས
ང་ཚོའི་རོགས་པ་ཐུབ་ཀྱིན་མེད་མོད
གང་ལྟར་ངས་ཁྱེད་ཚོ་སེམས་པའི་འདོར་མི་སྲིད་དོ
དམ་པ་གོང་མ་དག་གི་ཞལ་གདམས་དང་བྱིན་རླབས་ཀྱིས
འདས་པོ་ཚོའི་ཐར་ལམ་རྙེད་ལ་གསོན་པོ་ཚོའི་བར་ཆད་སེལ་ངེས
དེ་རིང་ཡང་དགོན་སྡེ་ཚོ་གཙོ་བོ་བྱས་དེ
མ་ནི་ཡི་ཆོས་སྒྲ་མར་མེ་ཡི་བྱིན་རླབས་བརྒྱུད་ནས
ཁྱེད་ཚོ་དྲན་གྱིན་ཡོད་ལ་ཁྱེད་ཚོར་བསྒྲུབ་བཞིན་ཡོད
ཡུལ་ཤུལ་བ་ཡིད་མ་ཕམ་སེམས་མ་སྡུག
ང་ཚོར་སང་ཉིན་གྱི་སྐྱ་རེངས་ཡོད
ང་ཚོར་བདེ་སྐྱིད་ཀྱི་ཉི་གཞོན་ཡོད
ང་ཚོའི་ལས་འབྲས་དང་དྲང་བདེན་གཞི་རྩར་བཟུང་ནས
མ་འོངས་པ་བདེ་སྐྱིད་ལ་མཐུད་ནས་འགྲོ
                              ༢༠༡༡  ༤  ༡༤ ཞོགས་པར་བྲིས།

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཡུལ་ཤུལ་ལ་སེམས་གླན་པ།

2011-04-17 རྨ་བཙན་ཞགས། ཀློག་གྲངས། མཆན ཡོད།

 

ཞོགས་པ་དེར་སེམས་པ་འདར་གྱིན་འདུག
དུས་ཚོད་ཀྱི་འབོད་བརྡ་མེད་པར
ཁོར་ཡུག་གི་འུར་ཟང་མེད་པར
གཉིད་ཐུན་རེའི་བར་མཚམས་དང་དེའི་མཇུག་ཐོག་དུ
དྲན་འོང་བ་ནི་ཡུལ་ཤུལ་དང་སྤུན་ཟླ་གྲངས་མེད
ན་ནིང་གི་དེ་རང་དེ༤ ༡༤ ཉིན
ཤུ་གསོན་གཉིས་ཀྱི་ལམ་ཁ་གང་རུང་ནས
བཟོད་མེད་ཀྱི་སྡུག་བསྔལ་བརྩེགས་པའི་ཡུལ་ཤུལ
མིག་ཆུ་དང་སྡུལ་ཚུབ་ཀྱི་བར་ན
སྐྱབས་མེད་མགོན་མེད་དུ་ལས་པའི་སྐྱོ་བ་དེས
སེམས་པ་སྡུག་ལ་གཏད་སོང་བ་དེའོ
ངས་དེ་ཚོ་རེ་རེ་བཞིན་སེམས་པས་སློག་དུས
རང་ཉིད་ཀྱིས་མྱོང་བའི་ཡུལ་དེའི་ཚོར་བ་དག་དྲན་འོང་གི
ཁ་ཡག་ཅིག་བཤད་ན་ཡུལ་ཤུལ་བ་ཚོ
ང་ཚོ་ནམ་ཡང་ཁྱེད་ཀྱི་གྲོགས་པོ་ཡིན་ལ་ཁྱེད་ལ་དུངས
ང་ཚོའི་བརྩེ་སེམས་དེ་སྔོན་མའི་ལག་འཇུ་ཁོ་ན་མ་ཡིན་པར
གཏན་ཏུ་སྐྱིད་རོགས་ཡིན་སྡུག་རོགས་བྱེད
དོན་དངོས་སུ་སྡུག་བསྔལ་མྱོང་མཁན་དེ་ཁྱེད་ཚོ་ཡིན་པས
ང་ཚོའི་རོགས་པ་ཐུབ་ཀྱིན་མེད་མོད
གང་ལྟར་ངས་ཁྱེད་ཚོ་སེམས་པའི་འདོར་མི་སྲིད་དོ
དམ་པ་གོང་མ་དག་གི་ཞལ་གདམས་དང་བྱིན་རླབས་ཀྱིས
འདས་པོ་ཚོའི་ཐར་ལམ་རྙེད་ལ་གསོན་པོ་ཚོའི་བར་ཆད་སེལ་ངེས
དེ་རིང་ཡང་དགོན་སྡེ་ཚོ་གཙོ་བོ་བྱས་དེ
མ་ནི་ཡི་ཆོས་སྒྲ་མར་མེ་ཡི་བྱིན་རླབས་བརྒྱུད་ནས
ཁྱེད་ཚོ་དྲན་གྱིན་ཡོད་ལ་ཁྱེད་ཚོར་བསྒྲུབ་བཞིན་ཡོད
ཡུལ་ཤུལ་བ་ཡིད་མ་ཕམ་སེམས་མ་སྡུག
ང་ཚོར་སང་ཉིན་གྱི་སྐྱ་རེངས་ཡོད
ང་ཚོར་བདེ་སྐྱིད་ཀྱི་ཉི་གཞོན་ཡོད
ང་ཚོའི་ལས་འབྲས་དང་དྲང་བདེན་གཞི་རྩར་བཟུང་ནས
མ་འོངས་པ་བདེ་སྐྱིད་ལ་མཐུད་ནས་འགྲོ
                              ༢༠༡༡  ༤  ༡༤ ཞོགས་པར་བྲིས།

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།