མཆི་གུ་གཅིག ད་དུང་ཡུལ་ཤུལ།

                               
                                                 ___༤.༡༤ཉིན་ཡང་བསྐྱར་ཡུལ་ཤུལ་དྲན་པ།

རང་ས་རང་ཡུལ་ནས་བཟོས་པའི་མཆི་གུ་བརྒྱ་དང་བརྒྱད་པོ།
བུ་རབས་ཚ་རྒྱུད་ལ་ཁྱིམ་གཞི་འཆའ་དུས་སོ་སོར་བགོས་ཟིན།
ད་དུང་མཐའ་མཚམས་སྲུང་མཁན་དག་གིས།
ཤ་དང་རུས་པའི་འདང་བརྩེ་དེ་མཚོན་ཆེད།
མཆི་གུ་གཅིག་ཡ་མགལ་མ་མགལ་བྱས་ནས་ཁྱེར་མྱོང་།
 
ཡུལ་དང་དུས་ཀྱི་རྐྱེན་པས།
གཟུགས་གཞི་གཅིག་ལ་ཐོགས་པའི་ཡན་ལག་དང་ཉིང་ལག
ད་ནི་གཅིག་ནས་གཅིག་ལ་རེག་ཐབས་མི་འདུག་ནའང་།
ང་ཚོ་ནི་ཅིས་ཀྱང་དབྱེར་མེད་དུ་གནས་པ་ཞིག་ཡིན་ཏེ།
ཡར་དེད་ན་མཆི་གུ་གཅིག་ལ་ཐུག་ཡོད།
 
མཆི་གུའི་རི་མོ་དེ་སྙིང་ལ་སིམ་ཡོད་ན།
ང་ཚོ་ནམ་ཡང་སེམས་པ་འདྲེས་པའི་ཁྱིམ་གཞི་དེ་ཡིན།
དེའི་ཕྱིར་དགའ་སྐྱོ་སྡུག་གསུམ་གྱི་ཚོར་བ་དེ་ཚོ།
ང་ཚོས་དུས་གཅིག་ལ་མ་འདྲེས་པར་མྱོང་ཐུབ།
དེ་ཡང་མཆི་གུས་ང་ཚོར་རོ་བྲོ་གཅིག་ཁོ་ན་སྩོལ་གྱིན་པས་ཡིན་ངེས།
 
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མཆི་གུ་གཅིག ད་དུང་ཡུལ་ཤུལ།

2011-04-15 འཆིང་གྲོལ། ཀློག་གྲངས། མཆན ཡོད།

                               
                                                 ___༤.༡༤ཉིན་ཡང་བསྐྱར་ཡུལ་ཤུལ་དྲན་པ།

རང་ས་རང་ཡུལ་ནས་བཟོས་པའི་མཆི་གུ་བརྒྱ་དང་བརྒྱད་པོ།
བུ་རབས་ཚ་རྒྱུད་ལ་ཁྱིམ་གཞི་འཆའ་དུས་སོ་སོར་བགོས་ཟིན།
ད་དུང་མཐའ་མཚམས་སྲུང་མཁན་དག་གིས།
ཤ་དང་རུས་པའི་འདང་བརྩེ་དེ་མཚོན་ཆེད།
མཆི་གུ་གཅིག་ཡ་མགལ་མ་མགལ་བྱས་ནས་ཁྱེར་མྱོང་།
 
ཡུལ་དང་དུས་ཀྱི་རྐྱེན་པས།
གཟུགས་གཞི་གཅིག་ལ་ཐོགས་པའི་ཡན་ལག་དང་ཉིང་ལག
ད་ནི་གཅིག་ནས་གཅིག་ལ་རེག་ཐབས་མི་འདུག་ནའང་།
ང་ཚོ་ནི་ཅིས་ཀྱང་དབྱེར་མེད་དུ་གནས་པ་ཞིག་ཡིན་ཏེ།
ཡར་དེད་ན་མཆི་གུ་གཅིག་ལ་ཐུག་ཡོད།
 
མཆི་གུའི་རི་མོ་དེ་སྙིང་ལ་སིམ་ཡོད་ན།
ང་ཚོ་ནམ་ཡང་སེམས་པ་འདྲེས་པའི་ཁྱིམ་གཞི་དེ་ཡིན།
དེའི་ཕྱིར་དགའ་སྐྱོ་སྡུག་གསུམ་གྱི་ཚོར་བ་དེ་ཚོ།
ང་ཚོས་དུས་གཅིག་ལ་མ་འདྲེས་པར་མྱོང་ཐུབ།
དེ་ཡང་མཆི་གུས་ང་ཚོར་རོ་བྲོ་གཅིག་ཁོ་ན་སྩོལ་གྱིན་པས་ཡིན་ངེས།
 
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།