ཞོགས་པ་ཞིག་ལ་སྐྱེ་རྒུ་མདོ་དྲན་པ།

བཙན་སྲས་ཟླ་འོད།༼གཙོས༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-04-15

 

ཚིག་མཛོད་ཀྱི་གསེང་ནས་བྲོ་བ་མི་རྙེད་པའི་ཐ་སྙད་དག
སྙིང་ཉེ་ཉེའི་ངང་ཁྱོད་ཀྱི་རུམ་ཁུང་དུ་འཛུལ་བ་དེས
རྒྱང་ཐག་རིང་ས་ནས་ང་ལ་འོངས་སྲིད་པའི་རྒྱུས་མེད་ཀྱི་གླུ་སྐད་དང
རབ་རིབ་ཀྱི་སྐར་མའི་ཚོགས་ཀྱི་མིག་ཟུང་དྲན་ཏུ་བཅུག་ལ
ངེས་པ་མེད་པར་མི་སྣང་ཡལ་གྱིན་པའི་མེ་ལྕེའི་འོད་སྣང་དང
རེག་ཐབས་མེད་པར་མི་ཚོར་བཀྲུམས་འགྲོ་བའི་མཛེས་སྡུག་གི་རྨི་ལམ་དག
དུས་ཀྱི་འཁོར་མོ་རྒྱུན་ལྡན་ལྟར་བཞུད་པ་འདྲ་བའི་མདུན་ནས
ལོ་རྒྱུས་ཞིག་ལྟར་གསང་བ་བདག་མེད་ཅིག་ཏུ་གྲུབ་ཚར་དུས
བདག་གི་ཁ་མི་གྲགས་པའི་གཞིས་ཁྱིམ་འདིའི་ཕྱི་ནང་ན
བདག་གི་ཐོས་ཐབས་བྲལ་བའི་སྙིང་གཏམ་འདིའི་ཕ་རོལ་ན
འཇམ་མཉེན་གྱི་དུས་ཚིགས་ཅི་ཞིག་ཡོད་པ  ངས་ཚོར་མ་བྱུང་ལགས

རི་རབ་ཀྱི་བརྟན་བརླིང་ཁྲོད་ཟུག་པའི་གཙང་པོའི་འགོ་ཁུངས
ལྷ་ཆེན་གྱི་སྤྱན་ལམ་ན་ཡངས་པའི་རང་བྱུང་གི་དད་འདུན
ད་དུང་ཚིག་དྲི་མ་ཡལ་བའི་བརྗོད་པ་ཐར་ཐོར་གྱི་རྗེས་ཤུལ་དེས
ང་ལ་མ་འོངས་པའི་དུས་སུ་གཞི་ནས་འཚོལ་དགོས་པའི་མེ་སོན་ཞིག་དྲན་དུ་བཅུག་ལ
ལྷིང་འཇགས་ཀྱི་ནང་རོལ་ལ་དམིགས་མེད་ངང་འདྲེས་པའི་ངུ་ཤུམ་དང་གཡོ་སྐྱོམས
ཕ་རོལ་གྱི་ཨ་སྔོན་ནས་མར་མར་འབབ་པའི་སྡང་སེམས་དང་བདེ་སྡུག
དུས་རབས་ཉེར་གཅིག་པའི་རྩ་ཐང་འདིའི་སྟེང་ནས
ལྷ་སྒྲུང་ཞིག་ལྟར་ཁུ་སིམ་མེར་རྒྱུན་ཐག་ཆད་པའི་སྐབས་སུ
ང་ལ་ལོག་གིན་པའི་ན་ཆུང་གི་མིག་ཀོང་འདིའི་ནང་ན
ང་ལ་ཕྱེས་བཞིན་པའི་རི་རབ་ཀྱི་འཚངས་ཁ་འདིའི་ཁྲོད་ན
མཛེས་སྡུག་གི་དག་ཞིང་ཅི་ཞིག་འཚེར་བ  ངས་མཐོང་མ་བྱུང་ལགས
་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
བདག་གིས་ཚོར་བ་ནི་་་་་
དུས་ཚོད་ཀྱི་གོང་ཁར་བབས་པའི་མྱ་ངན་ཞུ་མ་ཐུབ་པ་དེ་དང
བདག་གིས་མཐོང་བ་ནི་་་་
རི་རབ་གྱི་གཙང་བོ་རྣམས་ཇེ་ཆུང་ནས་ཇེ་ཆུང་ལ་འགྲོ་བ་དེའོ་།
                                             ༢༠༡༡ལོའི་ཟླ༤པའི་ཚེས་༡༢ཉིན་གྱི་ཞོགས་པར།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཞོགས་པ་ཞིག་ལ་སྐྱེ་རྒུ་མདོ་དྲན་པ།

2011-04-15 བཙན་སྲས་ཟླ་འོད།༼གཙོས༽ ཀློག་གྲངས། མཆན ཡོད།

 

ཚིག་མཛོད་ཀྱི་གསེང་ནས་བྲོ་བ་མི་རྙེད་པའི་ཐ་སྙད་དག
སྙིང་ཉེ་ཉེའི་ངང་ཁྱོད་ཀྱི་རུམ་ཁུང་དུ་འཛུལ་བ་དེས
རྒྱང་ཐག་རིང་ས་ནས་ང་ལ་འོངས་སྲིད་པའི་རྒྱུས་མེད་ཀྱི་གླུ་སྐད་དང
རབ་རིབ་ཀྱི་སྐར་མའི་ཚོགས་ཀྱི་མིག་ཟུང་དྲན་ཏུ་བཅུག་ལ
ངེས་པ་མེད་པར་མི་སྣང་ཡལ་གྱིན་པའི་མེ་ལྕེའི་འོད་སྣང་དང
རེག་ཐབས་མེད་པར་མི་ཚོར་བཀྲུམས་འགྲོ་བའི་མཛེས་སྡུག་གི་རྨི་ལམ་དག
དུས་ཀྱི་འཁོར་མོ་རྒྱུན་ལྡན་ལྟར་བཞུད་པ་འདྲ་བའི་མདུན་ནས
ལོ་རྒྱུས་ཞིག་ལྟར་གསང་བ་བདག་མེད་ཅིག་ཏུ་གྲུབ་ཚར་དུས
བདག་གི་ཁ་མི་གྲགས་པའི་གཞིས་ཁྱིམ་འདིའི་ཕྱི་ནང་ན
བདག་གི་ཐོས་ཐབས་བྲལ་བའི་སྙིང་གཏམ་འདིའི་ཕ་རོལ་ན
འཇམ་མཉེན་གྱི་དུས་ཚིགས་ཅི་ཞིག་ཡོད་པ  ངས་ཚོར་མ་བྱུང་ལགས

རི་རབ་ཀྱི་བརྟན་བརླིང་ཁྲོད་ཟུག་པའི་གཙང་པོའི་འགོ་ཁུངས
ལྷ་ཆེན་གྱི་སྤྱན་ལམ་ན་ཡངས་པའི་རང་བྱུང་གི་དད་འདུན
ད་དུང་ཚིག་དྲི་མ་ཡལ་བའི་བརྗོད་པ་ཐར་ཐོར་གྱི་རྗེས་ཤུལ་དེས
ང་ལ་མ་འོངས་པའི་དུས་སུ་གཞི་ནས་འཚོལ་དགོས་པའི་མེ་སོན་ཞིག་དྲན་དུ་བཅུག་ལ
ལྷིང་འཇགས་ཀྱི་ནང་རོལ་ལ་དམིགས་མེད་ངང་འདྲེས་པའི་ངུ་ཤུམ་དང་གཡོ་སྐྱོམས
ཕ་རོལ་གྱི་ཨ་སྔོན་ནས་མར་མར་འབབ་པའི་སྡང་སེམས་དང་བདེ་སྡུག
དུས་རབས་ཉེར་གཅིག་པའི་རྩ་ཐང་འདིའི་སྟེང་ནས
ལྷ་སྒྲུང་ཞིག་ལྟར་ཁུ་སིམ་མེར་རྒྱུན་ཐག་ཆད་པའི་སྐབས་སུ
ང་ལ་ལོག་གིན་པའི་ན་ཆུང་གི་མིག་ཀོང་འདིའི་ནང་ན
ང་ལ་ཕྱེས་བཞིན་པའི་རི་རབ་ཀྱི་འཚངས་ཁ་འདིའི་ཁྲོད་ན
མཛེས་སྡུག་གི་དག་ཞིང་ཅི་ཞིག་འཚེར་བ  ངས་མཐོང་མ་བྱུང་ལགས
་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
བདག་གིས་ཚོར་བ་ནི་་་་་
དུས་ཚོད་ཀྱི་གོང་ཁར་བབས་པའི་མྱ་ངན་ཞུ་མ་ཐུབ་པ་དེ་དང
བདག་གིས་མཐོང་བ་ནི་་་་
རི་རབ་གྱི་གཙང་བོ་རྣམས་ཇེ་ཆུང་ནས་ཇེ་ཆུང་ལ་འགྲོ་བ་དེའོ་།
                                             ༢༠༡༡ལོའི་ཟླ༤པའི་ཚེས་༡༢ཉིན་གྱི་ཞོགས་པར།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།