སློར་རར་ཡན་པའི་བདག་གི་སྙན་ངག

ཆོས་འཁོར་ཚེ་དཔག་སྐྱབས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-04-15

 

སློབ་ཁང་དུ།
       སློབ་གྲྭ་བཟང་པོ་ཁྱིམ་གྱི་མཆོག།
       དགེ་རྒན་བཟང་པོ་ཕ་མའི་མཆོག།
       སློབ་གྲོགས་བཟང་པོ་སྤུན་གྱི་མཆོག།
       དཔེ་ཆ་བཟང་པོ་ནོར་གྱི་མཆོག།
     
      ཤེས་བྱའི་གནས་དག་སློབ་པ་མི་སླ་ཡང་།།
      སློབ་དཔོན་མཆོག་གི་བླ་མེད་བྱམས་བརྩེ་ཡིས།།
      ཐབས་ཤེས་ཟུང་དུ་སྦྲེལ་བའི་ངོ་མཚར་གྱིས།།
      ཉམ་ཐག་བུ་ཡང་མཁས་པའི་གྲལ་ལ་སྙེག།
 
       རྟོགས་པ་རྙེད་པའི་ལྷ་མིན་ལ།།
       ལས་ཀྱིས་བསྐོས་པའི་ཕ་མ་མིན།།
       གཞན་ཕན་གཙོར་འཛིན་སློབ་དཔོན་དེ །།
       སྲིད་པ་སྐྱོབ་པའི་མགོན་པོ་ཉིད །།
     
     ཤེས་བྱའི་མཁའ་ལམ་ཡངས་པོ་ནས།།
      རིག་པའི་སྦྲང་ཆར་འཇོ་བ་ཡིས།།
      སྤང་རྒྱན་མེ་ཏོག་ལྷུག་ལྷུག་དགོད།།
      བྱིས་པའི་འཛུམ་ཀོང་འོད་དུ་འཚེར།།
      
      མཐུན་པ་སྤུན་བཞིའི་བརྩེ་བ་འཁྱིལ།།
      རི་བོང་ཆུང་གི་བློ་རིག་ལྡན།།
      ལེ་ཧྥུང་ཨ་ཁུའི་སྤྱོད་ལམ་འཛོམས།།
      ཡ་རབས་བྱིས་པའི་ཁྱད་ཆོས་ཡིན།།

      ཁྱིམ་གྱི་དཔལ་ལ་མ་ཆགས་པར།།
      ལམ་ལ་ཆས་པའི་བུ་ཆུང་ལ།།
      ཚན་རྩལ་རིག་པའི་ཞིང་ཁམས་ཀྱི།།
      ཡང་རྩེར་བསྙེག་པའི་ཕུགས་འདུན་ཡོད།།

ཟ་ཁང་དུ།
      འགོ་ཁྲིད་བཟང་པོར་བཀོད་པ་ལྡན།།
      ཇ་མ་བཟང་པོར་གཙང་སྦྲ་ལྡན།།
      ཁ་ཟས་བཟང་པོར་ཞིམ་མངར་ལྡན།།
      སློབ་མ་བཟང་པོར་གོ་རིམ་ལྡན།།

       ཕ་མ་བཟང་པོས་གཟུགས་ཁམས་བསྐྱེད།།
       དགེ་རྒན་བཟང་པོས་རིག་སྟོབས་སྐྱེད།།
       ཟ་མ་བཟང་པོས་ལུས་སྟོབས་སྐྱེད།།
       བྱིས་པ་བཟང་པོས་དེར་གཅེས་ཤེས།།
  
ལུས་རྩལ་ར་བ་རུ།
           མཛའ་བརྩེ་སྲོག་ཏུ་བྱས་པའི་རྩེད་འཇོ་དག།
          འཚོ་བར་ཕུན་ཚོགས་བསྐྲུན་པའི་གྲོགས་སུ་མཐོང་།།
          བཙན་དང་སྟོབས་ཀྱིས་རྒྱལ་ཁ་བརྩོན་ལེན་པ།།
          ཡ་རབས་མི་གཤིས་བོར་བའི་དམུ་རྒོད་ཉིད།།

ལྗང་མདོག་ར་བ་རུ།
        རྩ་ཆེའི་ཚེ་སྲོག་རྒྱུན་བསྲིང་བར།།
        ལྗང་མདོག་མང་བའི་ཕྱོགས་སུ་འབད།།
        ཧ་ཅང་ཕྲ་བའི་མྱུ་གུར་ཡང་།།
        གསེར་གྱི་སྦྲམ་བུའི་རིན་ཐང་ལྡན།།
 
      
                        2010.8.28
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སློར་རར་ཡན་པའི་བདག་གི་སྙན་ངག

2011-04-15 ཆོས་འཁོར་ཚེ་དཔག་སྐྱབས། ཀློག་གྲངས། མཆན ཡོད།

 

སློབ་ཁང་དུ།
       སློབ་གྲྭ་བཟང་པོ་ཁྱིམ་གྱི་མཆོག།
       དགེ་རྒན་བཟང་པོ་ཕ་མའི་མཆོག།
       སློབ་གྲོགས་བཟང་པོ་སྤུན་གྱི་མཆོག།
       དཔེ་ཆ་བཟང་པོ་ནོར་གྱི་མཆོག།
     
      ཤེས་བྱའི་གནས་དག་སློབ་པ་མི་སླ་ཡང་།།
      སློབ་དཔོན་མཆོག་གི་བླ་མེད་བྱམས་བརྩེ་ཡིས།།
      ཐབས་ཤེས་ཟུང་དུ་སྦྲེལ་བའི་ངོ་མཚར་གྱིས།།
      ཉམ་ཐག་བུ་ཡང་མཁས་པའི་གྲལ་ལ་སྙེག།
 
       རྟོགས་པ་རྙེད་པའི་ལྷ་མིན་ལ།།
       ལས་ཀྱིས་བསྐོས་པའི་ཕ་མ་མིན།།
       གཞན་ཕན་གཙོར་འཛིན་སློབ་དཔོན་དེ །།
       སྲིད་པ་སྐྱོབ་པའི་མགོན་པོ་ཉིད །།
     
     ཤེས་བྱའི་མཁའ་ལམ་ཡངས་པོ་ནས།།
      རིག་པའི་སྦྲང་ཆར་འཇོ་བ་ཡིས།།
      སྤང་རྒྱན་མེ་ཏོག་ལྷུག་ལྷུག་དགོད།།
      བྱིས་པའི་འཛུམ་ཀོང་འོད་དུ་འཚེར།།
      
      མཐུན་པ་སྤུན་བཞིའི་བརྩེ་བ་འཁྱིལ།།
      རི་བོང་ཆུང་གི་བློ་རིག་ལྡན།།
      ལེ་ཧྥུང་ཨ་ཁུའི་སྤྱོད་ལམ་འཛོམས།།
      ཡ་རབས་བྱིས་པའི་ཁྱད་ཆོས་ཡིན།།

      ཁྱིམ་གྱི་དཔལ་ལ་མ་ཆགས་པར།།
      ལམ་ལ་ཆས་པའི་བུ་ཆུང་ལ།།
      ཚན་རྩལ་རིག་པའི་ཞིང་ཁམས་ཀྱི།།
      ཡང་རྩེར་བསྙེག་པའི་ཕུགས་འདུན་ཡོད།།

ཟ་ཁང་དུ།
      འགོ་ཁྲིད་བཟང་པོར་བཀོད་པ་ལྡན།།
      ཇ་མ་བཟང་པོར་གཙང་སྦྲ་ལྡན།།
      ཁ་ཟས་བཟང་པོར་ཞིམ་མངར་ལྡན།།
      སློབ་མ་བཟང་པོར་གོ་རིམ་ལྡན།།

       ཕ་མ་བཟང་པོས་གཟུགས་ཁམས་བསྐྱེད།།
       དགེ་རྒན་བཟང་པོས་རིག་སྟོབས་སྐྱེད།།
       ཟ་མ་བཟང་པོས་ལུས་སྟོབས་སྐྱེད།།
       བྱིས་པ་བཟང་པོས་དེར་གཅེས་ཤེས།།
  
ལུས་རྩལ་ར་བ་རུ།
           མཛའ་བརྩེ་སྲོག་ཏུ་བྱས་པའི་རྩེད་འཇོ་དག།
          འཚོ་བར་ཕུན་ཚོགས་བསྐྲུན་པའི་གྲོགས་སུ་མཐོང་།།
          བཙན་དང་སྟོབས་ཀྱིས་རྒྱལ་ཁ་བརྩོན་ལེན་པ།།
          ཡ་རབས་མི་གཤིས་བོར་བའི་དམུ་རྒོད་ཉིད།།

ལྗང་མདོག་ར་བ་རུ།
        རྩ་ཆེའི་ཚེ་སྲོག་རྒྱུན་བསྲིང་བར།།
        ལྗང་མདོག་མང་བའི་ཕྱོགས་སུ་འབད།།
        ཧ་ཅང་ཕྲ་བའི་མྱུ་གུར་ཡང་།།
        གསེར་གྱི་སྦྲམ་བུའི་རིན་ཐང་ལྡན།།
 
      
                        2010.8.28
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།