ཡུལ་ཤུལ་གྱི་ས་ཡོམ་ལ་རྗེས་དྲན་ཞུ་བའི་སྙན་ངག༡

   
    གློག་ཀླད་ངོས་ཀྱི་དེ་རིང་།
               
__ཡུལ་ཤུལ་ལ་ཕུལ་བ།

རབ་ཏུ་དྭངས་པའི་གློག་ཀླད་ཀྱི་ཤེལ་སྒོའི་ངོས་སུ
དེ་རིང་ས་རྡུལ་ཉུང་ཙམ་འགོས་འདུག
དེ་རིང་ས་རྡུལ་དང་མཚན་མོ་ཞིག་གི་བར་གྱི་འབྱར་རྩི་དང་མཚུངས་ཤིང
རྩམ་པ་ཁེམ་བུ་འགའ་གཏོར་སའི་བར་གེགས་སུ་ཡང་གྱུར་འདུག་པས
ངས་གློག་ཀླད་ངོས་ཀྱི་ས་རྡུལ་ཨེན་ཙམ་དབྱི་འདོད་ཀྱང
ངའི་ལག་པ་ལ་མཛུབ་མོ་མེད་པས
སེན་མོ་འདི་འཛུགས་ས་ཞིག་གཏན་ནས་མ་རྙེད
 
དེ་རིང་གློག་ཀླད་འདིའི་མཐེབ་གཞོངས་ཀྱི་བར་གླགས་སུ
ཤིག་དང་སྲོ་མ་གང་རུང་འཚངས་འོང་བས
ངས་ཡི་གེ་རེ་རེ་གཏགས་ཐབས་ཁྱོན་ནས་མི་འདུག་རུང
སྙིང་ཉེ་བའི་བྱིར་ཆུང་དམར་པོ་ཞིག་གི་ཨུ་ཤུ་བསམས་ནས
ཅོག་སྟེང་ལ་ཁུ་ཚུར་ལན་འགའ་བསྣུན
 

རྩོམ་ཁུངས། ལྷམ་ཀོག་གི་ཟིན་བྲིས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཡུལ་ཤུལ་གྱི་ས་ཡོམ་ལ་རྗེས་དྲན་ཞུ་བའི་སྙན་ངག༡

2011-04-14 ལྷམ་ཀོག ཀློག་གྲངས། མཆན ཡོད།

   
    གློག་ཀླད་ངོས་ཀྱི་དེ་རིང་།
               
__ཡུལ་ཤུལ་ལ་ཕུལ་བ།

རབ་ཏུ་དྭངས་པའི་གློག་ཀླད་ཀྱི་ཤེལ་སྒོའི་ངོས་སུ
དེ་རིང་ས་རྡུལ་ཉུང་ཙམ་འགོས་འདུག
དེ་རིང་ས་རྡུལ་དང་མཚན་མོ་ཞིག་གི་བར་གྱི་འབྱར་རྩི་དང་མཚུངས་ཤིང
རྩམ་པ་ཁེམ་བུ་འགའ་གཏོར་སའི་བར་གེགས་སུ་ཡང་གྱུར་འདུག་པས
ངས་གློག་ཀླད་ངོས་ཀྱི་ས་རྡུལ་ཨེན་ཙམ་དབྱི་འདོད་ཀྱང
ངའི་ལག་པ་ལ་མཛུབ་མོ་མེད་པས
སེན་མོ་འདི་འཛུགས་ས་ཞིག་གཏན་ནས་མ་རྙེད
 
དེ་རིང་གློག་ཀླད་འདིའི་མཐེབ་གཞོངས་ཀྱི་བར་གླགས་སུ
ཤིག་དང་སྲོ་མ་གང་རུང་འཚངས་འོང་བས
ངས་ཡི་གེ་རེ་རེ་གཏགས་ཐབས་ཁྱོན་ནས་མི་འདུག་རུང
སྙིང་ཉེ་བའི་བྱིར་ཆུང་དམར་པོ་ཞིག་གི་ཨུ་ཤུ་བསམས་ནས
ཅོག་སྟེང་ལ་ཁུ་ཚུར་ལན་འགའ་བསྣུན
 

རྩོམ་ཁུངས། ལྷམ་ཀོག་གི་ཟིན་བྲིས།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།