ཤ་རུས་གཅིག་གི་སྤུན་གྲོགས་ཚོ།

སྟག་རིག་འབྲུག་ཐར། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-04-14

 

ཤ་རུས་གཅིག་གི་སྤུན་གྲོགས་ཚོ། །
ལ་རྒྱའི་མགོ་འཕང་འགྱོག་འདོད་ན། །
ཕ་སྐད་གཙང་མས་རྒྱན་ཆ་ཐོགས། །
ཡུལ་སྲོལ་གོམས་གཤིས་གཙིགས་སུ་བཟུང་། །
 
ཤ་རུས་གཅིག་གི་སྤུན་གྲོགས་ཚོ། །
མཐུན་སྒྲིལ་ལག་རྡང་སྦྲེལ་འདོད་ན། །
རྩྭ་ཆུའི་རྩོད་གླེང་འདུམ་འགྲིག་བྱོས། །
མི་མཐུན་ལྟ་བ་གཅིག་སྒྲིལ་བྱོས། །
 
ཤ་རུས་གཅིག་གི་སྤུན་གྲོགས་ཚོ། །
འཕེལ་རྒྱས་གོམ་ཁ་བསྒྱུར་འདོད་ན། །
སློབ་གསོའི་ལོ་ཏོག་སྨིན་པར་གྱིས། །
ཚོང་ལས་དཔལ་འབྱོར་དར་བར་གྱིས། །
 
ཤ་རུས་གཅིག་གི་སྤུན་གྲོགས་ཚོ། །
སྙན་མོ་གླུ་ཡི་འགྱུར་ཁུགས་ན། །
ཤ་ཚའི་སྙིང་གཏམ་དྲོན་མོ་ཡོད། །
མ་བརྗེད་སེམས་པའི་གཏིང་ལ་བཟུང་། །
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཤ་རུས་གཅིག་གི་སྤུན་གྲོགས་ཚོ།

2011-04-14 སྟག་རིག་འབྲུག་ཐར། ཀློག་གྲངས། མཆན ཡོད།

 

ཤ་རུས་གཅིག་གི་སྤུན་གྲོགས་ཚོ། །
ལ་རྒྱའི་མགོ་འཕང་འགྱོག་འདོད་ན། །
ཕ་སྐད་གཙང་མས་རྒྱན་ཆ་ཐོགས། །
ཡུལ་སྲོལ་གོམས་གཤིས་གཙིགས་སུ་བཟུང་། །
 
ཤ་རུས་གཅིག་གི་སྤུན་གྲོགས་ཚོ། །
མཐུན་སྒྲིལ་ལག་རྡང་སྦྲེལ་འདོད་ན། །
རྩྭ་ཆུའི་རྩོད་གླེང་འདུམ་འགྲིག་བྱོས། །
མི་མཐུན་ལྟ་བ་གཅིག་སྒྲིལ་བྱོས། །
 
ཤ་རུས་གཅིག་གི་སྤུན་གྲོགས་ཚོ། །
འཕེལ་རྒྱས་གོམ་ཁ་བསྒྱུར་འདོད་ན། །
སློབ་གསོའི་ལོ་ཏོག་སྨིན་པར་གྱིས། །
ཚོང་ལས་དཔལ་འབྱོར་དར་བར་གྱིས། །
 
ཤ་རུས་གཅིག་གི་སྤུན་གྲོགས་ཚོ། །
སྙན་མོ་གླུ་ཡི་འགྱུར་ཁུགས་ན། །
ཤ་ཚའི་སྙིང་གཏམ་དྲོན་མོ་ཡོད། །
མ་བརྗེད་སེམས་པའི་གཏིང་ལ་བཟུང་། །
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།