སྙན་ངག་དེ་སུ་ཞིག་གི་ཆེད་དུའང་བྲིས་པ་མིན།

 

ཐ་སྙད་འགའ
ཁྱོད་ཀྱི་ལྕེ་ཐོག་ནས་འགྲིལ་སོང
མཚོ་ཁར་གཡེང་བའི་ཤེལ་དམ་སྟོང་བ
ངའི་འཕྲིན་པ་འཁྱེར་ནས་གང་ལ་བུད་སོང
 
མཚོ་འགྲམ་གྱི་བྱེ་ཟགས་ཁྲོད་ནས
སྙན་ངག་དེའི་མ་ཡིག་རྙེད
རང་གི་གཤེར་གཟུགས་འདྲེས་མཚམས་སུ
ཁྱོད་ཀྱི་མགོ་བོ་སྐྱེས་འོང་གིན་འདུག
 
ཚོར་བའི་གནམ་མཁའ་ནས
དགའ་སྐྱོ་ཆགས་སྡང་ཆར་གྱིས་སྦངས
ཟུག་རེག་ཐེངས་ཤིག་གིས
ཡང་བསྐྱར་མཛའ་མོ་དྲན
 
སྐྲ་ལོའི་ཐ་སྙད་རེ་རེས་གཤེར་ཁུ་འཛགས
རྒྱང་རིང་རྒྱང་རིང་ན
གྲགས་འགུལ་ཅི་ཡང་མེད
 
སྐྲ་ལོའི་ཐ་སྙད་རེ་རེས་གཤེར་ཁུ་འཛགས
རྒྱང་རིང་རྒྱང་རིང་ན
གྲགས་འགུལ་ཅི་ཡང་ཡོད
 
      ༢༠༡༡ལོའི་ཟླ་༤བའི་ཚེས་༡ཉིན་ལན་གྲུར།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙན་ངག་དེ་སུ་ཞིག་གི་ཆེད་དུའང་བྲིས་པ་མིན།

2011-04-10 དཔལ་འབར། ཀློག་གྲངས། མཆན ཡོད།

 

ཐ་སྙད་འགའ
ཁྱོད་ཀྱི་ལྕེ་ཐོག་ནས་འགྲིལ་སོང
མཚོ་ཁར་གཡེང་བའི་ཤེལ་དམ་སྟོང་བ
ངའི་འཕྲིན་པ་འཁྱེར་ནས་གང་ལ་བུད་སོང
 
མཚོ་འགྲམ་གྱི་བྱེ་ཟགས་ཁྲོད་ནས
སྙན་ངག་དེའི་མ་ཡིག་རྙེད
རང་གི་གཤེར་གཟུགས་འདྲེས་མཚམས་སུ
ཁྱོད་ཀྱི་མགོ་བོ་སྐྱེས་འོང་གིན་འདུག
 
ཚོར་བའི་གནམ་མཁའ་ནས
དགའ་སྐྱོ་ཆགས་སྡང་ཆར་གྱིས་སྦངས
ཟུག་རེག་ཐེངས་ཤིག་གིས
ཡང་བསྐྱར་མཛའ་མོ་དྲན
 
སྐྲ་ལོའི་ཐ་སྙད་རེ་རེས་གཤེར་ཁུ་འཛགས
རྒྱང་རིང་རྒྱང་རིང་ན
གྲགས་འགུལ་ཅི་ཡང་མེད
 
སྐྲ་ལོའི་ཐ་སྙད་རེ་རེས་གཤེར་ཁུ་འཛགས
རྒྱང་རིང་རྒྱང་རིང་ན
གྲགས་འགུལ་ཅི་ཡང་ཡོད
 
      ༢༠༡༡ལོའི་ཟླ་༤བའི་ཚེས་༡ཉིན་ལན་གྲུར།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།