ཆང་ཕོར་ཁ་ཡི་རྣམ་ཤེས་ཀྱི་ཚོགས།

 

རྒྱུན་པར  དགུན་གཞུང་འདིའི་ཉི་འོད་ཀྱིས
སྐམ་རིད་དུ་གྱུར་པའི་ངའི་འདས་པོ་ཚོའི་རྣམ་ཤེས་ཀྱི་ཚོགས
བྱང་ཐང་གི་ཤོག་ལྷེ་བཞིན   ཕྱོགས་མེད་དུ་གང་སར་འཁྱམས
ཅི་ཞིག་གིས་བསྐྱེད་པའི་ན་ཟུག་གི་འཁུན་སྒྲ་ལྕི་མོ་ཡང
ལྷགས་རླུང་འདིས་སྔ་མོ་ནས་འགེམས་ཚར་བའི་གཏམ་རྒྱུད་དེ་སུ་ལ་བརྗོད་ཨང
རྒྱུན་པར   ནང་མ་དང་ཆང་ཁང་དུ་འཁོར་འོང་བའི་ངའི་རྣམ་ཤེས་ཀྱི་ཚོགས
ཆང་ཕོར་དང་ལབ་གླེང་ཁྲོད   ན་ཟུག་གིས་བསྒྲེངས་ཤིང་གཟི་བརྗིད་ཀྱིས་འགྱེལ
འདི་ནི་འདས་པོ་ཚོས་ང་ཚོར་སྤྲད་པའི་ལོ་རྒྱུས་ཤིག་གི་རྒྱབ་ལྗོངས་དང
གདུང་སེམས་རིགས་ཤིག་གི་ཆག་འཇིག་གི་སྐྱོ་གར་ཡིན་པར་བརྗོད
རྒྱུན་པར  ཅི་ཡང་མི་བསམ་ལ་ཅི་ཡང་མི་སེམས་པའི་ཚོར་འདུ་ཞིག
གློ་བར་དུ་གྲང་འདར་ཞིག་རྒྱག་ཞོར  ཨ་ཨ་ཨ་ཟེར་བཞིན
ཨམ་གཙིགས་བསྡམ་སྟེ  མིག་ཟུང་རྒྱང་དུ་གཏད་དེ
གོམ་པ་གང་རེ་གང་རེས  སྔོན་དུ་བསྐྱོད་དགོས་བྱུང
                                   2011/3/26ཉིན་མལ་ཁང་དུ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཆང་ཕོར་ཁ་ཡི་རྣམ་ཤེས་ཀྱི་ཚོགས།

2011-04-01 འབའ་ཚེ་སྨྱོན། ཀློག་གྲངས། མཆན ཡོད།

 

རྒྱུན་པར  དགུན་གཞུང་འདིའི་ཉི་འོད་ཀྱིས
སྐམ་རིད་དུ་གྱུར་པའི་ངའི་འདས་པོ་ཚོའི་རྣམ་ཤེས་ཀྱི་ཚོགས
བྱང་ཐང་གི་ཤོག་ལྷེ་བཞིན   ཕྱོགས་མེད་དུ་གང་སར་འཁྱམས
ཅི་ཞིག་གིས་བསྐྱེད་པའི་ན་ཟུག་གི་འཁུན་སྒྲ་ལྕི་མོ་ཡང
ལྷགས་རླུང་འདིས་སྔ་མོ་ནས་འགེམས་ཚར་བའི་གཏམ་རྒྱུད་དེ་སུ་ལ་བརྗོད་ཨང
རྒྱུན་པར   ནང་མ་དང་ཆང་ཁང་དུ་འཁོར་འོང་བའི་ངའི་རྣམ་ཤེས་ཀྱི་ཚོགས
ཆང་ཕོར་དང་ལབ་གླེང་ཁྲོད   ན་ཟུག་གིས་བསྒྲེངས་ཤིང་གཟི་བརྗིད་ཀྱིས་འགྱེལ
འདི་ནི་འདས་པོ་ཚོས་ང་ཚོར་སྤྲད་པའི་ལོ་རྒྱུས་ཤིག་གི་རྒྱབ་ལྗོངས་དང
གདུང་སེམས་རིགས་ཤིག་གི་ཆག་འཇིག་གི་སྐྱོ་གར་ཡིན་པར་བརྗོད
རྒྱུན་པར  ཅི་ཡང་མི་བསམ་ལ་ཅི་ཡང་མི་སེམས་པའི་ཚོར་འདུ་ཞིག
གློ་བར་དུ་གྲང་འདར་ཞིག་རྒྱག་ཞོར  ཨ་ཨ་ཨ་ཟེར་བཞིན
ཨམ་གཙིགས་བསྡམ་སྟེ  མིག་ཟུང་རྒྱང་དུ་གཏད་དེ
གོམ་པ་གང་རེ་གང་རེས  སྔོན་དུ་བསྐྱོད་དགོས་བྱུང
                                   2011/3/26ཉིན་མལ་ཁང་དུ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།