ཁྱེད་འདི་ལྟར་བུད་སོང་།

རྣམ་གླིང་རིན་ཆེན།༼གཞིས་ཀ་རྩེ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-05-14

                      --གྲོགས་པོ་འདས་པོ་ཞིག་ལ།

ཁ་པར་གྱི་སྣེ་མོ་བརྒྱུད་ནས
ངས་ཁྱེད་འདི་ལྟར་བུད་ཟིན་པ་རྟོགས
ཁྱེད་འདི་ལྟར་བུད་སོང
གོ་རྒྱུ་ཚོར་རྒྱུ་མེད་པར
ཁུ་སིམ་མེར་བུད་སོང
དེ་ནས་བཟུང ངས་ཁྱེད་ཀྱི་སྐད་སྒྲ་མི་ཐོས་ལ
རྐང་རྗེས་ཀྱང་མི་མངོན
ངས་ཇི་ལྟར་འབོད་ཀྱང
དཀོན་མཆོག་ལ་སྐྱབས་ཞུ་རེ་འབོད་ཅི་ཙམ་བྱས་ཀྱང
ཕྱིར་ལོག་གི་རེ་བ ནམ་མཁའི་འཇའ་ཚོན་གོས་སུ་རེ་བ་དང་ཁྱད་ཅི
ཁྱེད་འདི་ལྟར་བུད་སོང
ཕ་མའི་རེ་བ་ཆུ་ལ་བསྐྱུར་ནས
མི་ལུས་རིན་ཆེན་རླུང་ལ་བསྐུར་ནས
སྤོབས་པ་དང་འདུན་པ
ལྷག་བསམ་དང་རྨི་ལམ་བོར་ནས་བུད་སོང
ཁྱོད་འདི་ལྟར་བུད་སོང
དགོད་སླ་ལ་ངུ་སྐྱེན་པའི་ཁྱེད
བརྗེད་དཀའ་ལ་དྲན་སླ་བའི་ཁྱེད
ཨུ་ཚུགས་ཆེ་ལ་རང་ཚུགས་དབེན་པའི་ཁྱེད
ལྷ་ལ་མོས་ཤིང་ཀླུ་ལ་དད་པའི་ཁྱེད
མི་རིགས་ཀྱི་བདག་པོ་ཡིན་ཟེར་བའི་ཁྱེད
མར་མེའི་གམ་དུ་འཕུར་ལྡིང་བྱེད་རྒྱུར་བརྩོན་པའི་ཕྱེ་ལེབ་བཞིན
ལྕགས་ཀྱུའི་དབུས་སུ་འཁྱུག་རྩལ་ངོམ་རྒྱུར་ཞེན་པའི་ཉ་ཆུང་བཞིན
མི་ཚེ་གཅིག་གི་ལོ་རྒྱུས་ལ་རྫོགས་ཚིག་མེད་པར་བུད་སོང
འཇིག་རྟེན་གཞན་ཞིག་ཏུ་ཨ་ཁུ་མཇལ་བར་བྲེལ་ནས་བུད་སོང
ཁྱེད་འདི་ལྟར་བུད་སོང
རྨི་ལམ་ལྟ་བུའི་འཕྲུལ་སྣང་ཞིག་དང་ལྷན་དུ
བསམ་བློ་ལ་གོད་ཆག་ཐེབས་ནས་བུད་སོང
གདོན་འདྲེར་སྡང་བའི་ཁྱེད
དེ་རིང་གདོན་འདྲེའི་བརྟུལ་ཞུགས་ཟུང་ནས་བུད་སོང
སེམས་པས་ལུས་པོ་བྲན་དུ་བཀོལ་ནས་བུད་སོང
ཉི་ཟླ་ཟུང་གིས་ལོ་མང་གཉོར་སྐྱོང་བྱས་པའི་སྙིང་གི་མེ་ཏོག
དེ་རིང སྐད་ཅིག་ཉིད་དུ་སད་ཀྱིས་བཅོམ་སོང
ཁྱེད་འདི་ལྟར་བུད་སོང
ཁྲག་གིས་སྦགས་པའི་ལོ་ཟླ་འདི་ཚོར
ཨ་མའི་ཞུ་བ་མ་ཐོས་པར་བུད་སོང
ཨ་ཕའི་སྙིང་ལ་གས་ཁ་བཟོས་ནས་བུད་སོང
ལས་འབྲས་ལ་སྙིང་ཞེན་པའི་ཁྱེད
དེ་རིང རྒྱུ་འབྲས་ལ་མི་བརྩི་དོན་ཅི་ཡིན
དཀར་ཕྱོགས་ཆོས་ལ་དད་པའི་སྤུ་ལོང་གཡོ་བའི་ཁྱེད
རྒྱུ་རྐྱེན་མེད་པར་བུད་དོན་ཡང་སྙིང་ཅི་ཞིག་ཡིན
རྣམ་སྨིན་འཁོར་བར་མི་སྐྲག་པ་ཨེ་རེད
ལྗོན་ཤིང་ཚོགས་ཀྱི་མགོ་བོ་དུད་བཞིན
ཁྱེད་ལ་མྱ་ངན་བྱེད་བཞིན་འདུག་ལ
སྟེང་ཕྱོགས་ལྷ་ཡིས་ཁྱེད་ལ་སྙིང་རྗེའི་སྦྲང་ཆར་བསྩལ
གཅིག་བྱས་ན འདི་ནི་མི་རྟག་སྒྱུ་མའི་འཇིག་རྟེན་ཅེས་པ་དེ་ཡིན་སྲིད་ལ
ལྐོག་འགྱུར་གྱི་མི་ཚེ་ཞེས་པ་དེའང་ཡིན་ཤས་ཆེ
ཁྱེད་འདི་ལྟར་བུད་སོང
འོན་ཀྱང ཁྱེད་ཀྱི་ངུ་སྒྲ་ནམ་ཡང་མཚམས་བཞག་མ་མྱོང་ལ
འགྱོད་གདུང་གི་སྨྲེ་སྔགས་ཀྱང་སྔར་བཞིན་ཇེ་ཆེ་ནས་ཇེ་ཆེ……

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁྱེད་འདི་ལྟར་བུད་སོང་།

2011-05-14 རྣམ་གླིང་རིན་ཆེན།༼གཞིས་ཀ་རྩེ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།