ང་།

རྣམ་གླིང་རིན་ཆེན།༼གཞིས་ཀ་རྩེ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-05-14

 

ང་ནམ་འཕང་ཆོད་པའི་ཐང་དཀར་རྒོད་པོ་མིན
འཁྱུག་རྩལ་ཆེ་བའི་ཉ་ཆུང་གསེར་མིག་དེ་བས་མིན
ང་ནི་འཛམ་གླིང་གི་ཡང་རྩེར་འཚོ་ཞིང
གངས་ཆབ་ནུ་ཞོས་གསོས་པའི་མཐོ་སྒང་གི་གངས་ལྷ་མེ་ཏོག་ཆུང་ཆུང་ཞིག་ཡིན
ང་རི་བོ་པང་དུ་འདེགས་ནུས་པའི་ཕོ་རྒོད་མིན
རྒྱ་མཚོ་ཧུབ་ཀྱིས་འདྲེན་པའི་མཐུ་རྩལ་ཡང་མེད
ང་ངོ་མ་ཅི་ཞིག་རེད
ང་ལ་གྱི་ལིང་རྟ་མཆོག་ལྟ་བུའི་བང་རྩལ་མེད་ལ
གླང་པོ་ཆེ་ལྟ་བུའི་སྟོབས་ཤུགས་ཀྱིས་དབེན
ང་ནི་སྐམ་སའི་སྟེང་གི་གྲོག་མ་ཆུང་ཆུང་ཞིག་དང
རྒྱ་མཚོའི་དབུས་ཀྱི་ཆུ་ཐིགས་ཕྲ་མོ་ཞིག་ཡིན
ངས་ཡིད་དབང་འཕྲོག་པའི་སྙན་ངག་འབྲི་མི་ཤེས་ལ
གཞན་གྱིས་ཐོས་འཛིན་འགུག་པའི་གླུ་དབྱངས་ཀྱང་ལེན་མི་ཤེས
ང་རི་བོ་དཔུང་གདང་ཤིག་ཤིག་གི་ཡུལ་གྲུར་འཚོ་ཞིང
ཆུ་མོ་གོམས་བགྲོད་ལིང་ལིང་གི་གནས་མཆོག་ཏུ་ལག་ཆགས
ཉི་ཟླ་སྐར་གསུམ་གྱིས་ང་ལ་བྱམས་བརྩེའི་དྲོད་ཁོལ་གནང་བས
འཁྱགས་རོམ་གྱིས་བསྡམས་པའི་ངའི་སེམས་པ་ཕྲ་མོར
བདེ་སྐྱིད་ཀྱི་དཔྱིད་དཔལ་ལང་ཚོ་རྒྱས
གལ་ཏེ་ཉིན་ཞིག  འབྱུང་བཞིའི་དགྲ་བོས་ངའི་ཚེ་སྲོག་བཀུམ་ཡང
ངས་གནོང་འགྱོད་དང་འཁང་ར་ལེ་འདའ་ཡེ་ནས་བྱེད་མི་སྲིད
ང་ལ་གངས་རི་དཀར་པོའི་རྒྱབ་རྟེན་ཡོད་པས
ང་སུ་ལའང་སྐྲག་སྣང་སྐྱེ་མ་མྱོང
ང་ལ་གངས་དཀར་ལྷ་མོའི་བསུ་མ་ཡོད་པས
སྟོང་ལྷང་ལྷང་གི་བསམ་པ་གཏན་ནས་འབྱུང་མྱོང་མེད
ངའི་ཁྲག་རྩར་ལ་རྒྱ་ཡི་ཟུངས་ཁྲག་རྒྱུ་ཞིང
དྲང་བདེན་དང་འདྲ་མཉམ་གྱི་སྙིང་རྩ་ལྡིང
ངའི་སེམས་ཁོང་ནས་ནམ་ཡང་ཞི་བདེ་ཡི་རྦ་རླབས་ཕྱུར
ང་ལ་ཁ་བ་དང་ལྷན་དུ་འདྲེས་པའི་དྭངས་གཙང་གི་རྣམ་ཤེས་གསོན་པོ་ཞིག་
ཡོད་པས
ངའི་ཡིད་ཀྱི་ས་བོན་འདི་ཉིད
ནམ་ཡང་མཐོ་སྒང་གི་ཞིང་ས་གཤིན་པོར་བརྩེ་བས་གདབ་ངེས་ཡིན
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ང་།

2011-05-14 རྣམ་གླིང་རིན་ཆེན།༼གཞིས་ཀ་རྩེ༽ ཀློག་གྲངས། མཆན ཡོད།

 

ང་ནམ་འཕང་ཆོད་པའི་ཐང་དཀར་རྒོད་པོ་མིན
འཁྱུག་རྩལ་ཆེ་བའི་ཉ་ཆུང་གསེར་མིག་དེ་བས་མིན
ང་ནི་འཛམ་གླིང་གི་ཡང་རྩེར་འཚོ་ཞིང
གངས་ཆབ་ནུ་ཞོས་གསོས་པའི་མཐོ་སྒང་གི་གངས་ལྷ་མེ་ཏོག་ཆུང་ཆུང་ཞིག་ཡིན
ང་རི་བོ་པང་དུ་འདེགས་ནུས་པའི་ཕོ་རྒོད་མིན
རྒྱ་མཚོ་ཧུབ་ཀྱིས་འདྲེན་པའི་མཐུ་རྩལ་ཡང་མེད
ང་ངོ་མ་ཅི་ཞིག་རེད
ང་ལ་གྱི་ལིང་རྟ་མཆོག་ལྟ་བུའི་བང་རྩལ་མེད་ལ
གླང་པོ་ཆེ་ལྟ་བུའི་སྟོབས་ཤུགས་ཀྱིས་དབེན
ང་ནི་སྐམ་སའི་སྟེང་གི་གྲོག་མ་ཆུང་ཆུང་ཞིག་དང
རྒྱ་མཚོའི་དབུས་ཀྱི་ཆུ་ཐིགས་ཕྲ་མོ་ཞིག་ཡིན
ངས་ཡིད་དབང་འཕྲོག་པའི་སྙན་ངག་འབྲི་མི་ཤེས་ལ
གཞན་གྱིས་ཐོས་འཛིན་འགུག་པའི་གླུ་དབྱངས་ཀྱང་ལེན་མི་ཤེས
ང་རི་བོ་དཔུང་གདང་ཤིག་ཤིག་གི་ཡུལ་གྲུར་འཚོ་ཞིང
ཆུ་མོ་གོམས་བགྲོད་ལིང་ལིང་གི་གནས་མཆོག་ཏུ་ལག་ཆགས
ཉི་ཟླ་སྐར་གསུམ་གྱིས་ང་ལ་བྱམས་བརྩེའི་དྲོད་ཁོལ་གནང་བས
འཁྱགས་རོམ་གྱིས་བསྡམས་པའི་ངའི་སེམས་པ་ཕྲ་མོར
བདེ་སྐྱིད་ཀྱི་དཔྱིད་དཔལ་ལང་ཚོ་རྒྱས
གལ་ཏེ་ཉིན་ཞིག  འབྱུང་བཞིའི་དགྲ་བོས་ངའི་ཚེ་སྲོག་བཀུམ་ཡང
ངས་གནོང་འགྱོད་དང་འཁང་ར་ལེ་འདའ་ཡེ་ནས་བྱེད་མི་སྲིད
ང་ལ་གངས་རི་དཀར་པོའི་རྒྱབ་རྟེན་ཡོད་པས
ང་སུ་ལའང་སྐྲག་སྣང་སྐྱེ་མ་མྱོང
ང་ལ་གངས་དཀར་ལྷ་མོའི་བསུ་མ་ཡོད་པས
སྟོང་ལྷང་ལྷང་གི་བསམ་པ་གཏན་ནས་འབྱུང་མྱོང་མེད
ངའི་ཁྲག་རྩར་ལ་རྒྱ་ཡི་ཟུངས་ཁྲག་རྒྱུ་ཞིང
དྲང་བདེན་དང་འདྲ་མཉམ་གྱི་སྙིང་རྩ་ལྡིང
ངའི་སེམས་ཁོང་ནས་ནམ་ཡང་ཞི་བདེ་ཡི་རྦ་རླབས་ཕྱུར
ང་ལ་ཁ་བ་དང་ལྷན་དུ་འདྲེས་པའི་དྭངས་གཙང་གི་རྣམ་ཤེས་གསོན་པོ་ཞིག་
ཡོད་པས
ངའི་ཡིད་ཀྱི་ས་བོན་འདི་ཉིད
ནམ་ཡང་མཐོ་སྒང་གི་ཞིང་ས་གཤིན་པོར་བརྩེ་བས་གདབ་ངེས་ཡིན
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།