འབྲོང་གཤར་ཚུལ།

ཁྲག་སྙུག༼དངུལ་རྭ་ལྷ་སྡེ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-05-11

                              __སྦྲ་ནག་ལ་བྲིས་པ།
                 
རྡུལ་ནག་གིས་མ་ཟིན་པའི་རྨིག་ལམ་རིང་མོ
གངས་རིའི་གཉའ་བར་ནས་འཚེར་བའི་མེ་སྟག་ཇི་བཞིན
ས་ཆེན་པོའི་བྲང་ཁོག་ལ་ཧོལ་རྒྱུགས་བྱས
 
ནམ་མཁའ་དང་ཉི་ཟླ་འཁུར་མྱོང་བའི་འབྲོང
མེ་ཏོག་དང་རི་ཆུ་སྒུལ་མྱོང་བའི་འབྲོང
འབྲོང  ཤ་དར་ཁྲག་དར
རྫ་ཁྲ་ཡག་གི་རྩེ་ན་ར་ཁ་རྣོ་ཞིང
ཐང་གཡུ་གཞོང་དཀྱིལ་ན་རྨིག་སྒྲ་མཐོ
 
འབྲོང  ཨ་མ་ལྟ་བུའི་འབྲོང
ཁྱེད་ཀྱིས་རུམ་ཁ་ནས་འཁྲུངས་བའི་ཚེ་སྲོག་ཁྲི་ཕྲུག་ཅིག
རྩམ་དྲི་འཐུལ་བའི་གདོང་རྒྱུད་ཅིག་གི་ཤ་རུས་སུ་མཆུད་ཅིང
རྨོ་མོའི་རྒས་གཉེར་དང་འགྲོགས་པའི་ལོ་ཟླ་གྲངས་མེད་ཅིག
སའི་གོ་ལའི་སྒལ་སྟེང་ན་ཁེར་ཚུགས་ཀྱིས་འགྱིང
 
འབྲོང  ཨ་ཕ་ལྟ་བུའི་འབྲོང
ཁྱེད་ཀྱིས་གཉོར་བའི་རྩ་ཐང་གི་རྫུ་གླུ་ཕྲ་མོ
རྟ་ནོར་ལུག་གསུམ་གྱི་རྨིག་རྗེས་འགྲིམ་ནས་ནར་སོན་ཞིང
རྨི་ལམ་ལྟ་བུའི་བྱིས་དུས་ཀྱི་རྐང་རྗེས་གཉོམ་པོ
སེམས་པའི་སྟེང་འོག་ན་སྐར་ཕྲན་ཇི་བཞིན་འཚེར
 
འབྲོང  ངའི་ཤ་མཆིན་གླན་ས
འབྲོང  ངའི་གློ་སྙིང་རེག་ས
 
དགྲ་རྒོད་ཚོའི་སྙིང་རྩ་སློག་པའི་མཁུ་ལྕེ་དམར་པོ
དུས་བཞིའི་ཁ་ཆར་གྱི་རྩུབ་རེག་ཁྲོད་ན་གཡོ་ཞིང
ལྷོད་མ་མྱོང་བའི་བའི་བརྩེ་འདང་གི་རྒྱུད་སྐུད་ཕྲ་མོས
བདག་དང་བདག་སེམས་ཀྱི་རི་ཆུ་ལ་ལྗང་མདོག་བསྣན
འབྲོང   བརྗེད་པ་མ་རེད
 
ལོ་འདི་ཚོར
སྐྱ་མདོག་ཤོར་བའི་ལོ་འདི་ཚོར
ཁྱེད་དང་ངའི་ཁ་ཐག་ཇེ་རིང་རེད
ཁྱེད་དང་ངའི་སྤུན་ཟླ་ཚོའི་ཁ་ཐག་ཇེ་རིང་རེད
ཇེ་རིང་ནས་ཇེ་རིང་དུ་གྱུར་བའི་ལོ་འདི་ཚོར
ང་འཁྱག་གིན་འདུག
ཁྱེད་མེད་པས་ང་དངོས་གནས་འཁྱག་གིན་འདུག
 
འབྲོང  ཁྱེད་འགྲོ་མི་ཉན
ཁྱེད་འདི་ལྟར་བུད་སོང་ན
མེ་ཏོག་ལྟ་བུའི་རྩ་ཐང་གི་མཛེས་སྡུག་སུ་ཡིས་བྱེད
སྦྲང་ཆུང་ལྟ་བུའི་འབྲོག་ཕྲུག་གི་གླུ་སྐད་སུ་ཡིས་སྒུམ
 
ཁྱེད་འདི་ལྟར་བུད་སོང་ན
སྐར་ཚོགས་ལྟ་བུའི་ནོར་ལུག་གི་ར་ཀ་སུ་ཡིས་བགྲངས
མར་ལོ་ལྟ་བུའི་འབྲོག་ཕྲུག་མའི་སེམས་རྟེན་སུ་ཡིས་བྱེད
 
འབྲོང  ཨ་མ་ལྟ་བུའི་འབྲོང
ཁྱེད་སོང་ན་བུ་ང་བདག་མེད་རེད
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འབྲོང་གཤར་ཚུལ།

2011-05-11 ཁྲག་སྙུག༼དངུལ་རྭ་ལྷ་སྡེ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།