ཁྱོད་ཀྱིས་སོམས་དང་།

 

ཁྱོད་ཀྱིས་ཞིབ་མོས་ཉོན་དང
སྨྱུ་གུ་འདིས་སྐད་ཆ་ཞིག་ཤོད་ཀྱིན་འདུག
འདི་ནི་མིས་ལྷ་སྐད་སྨྲ་བའི་སྐད་ཆ་མིན་པར
རང་གི་ལྟོ་བའི་ཆེད་དུ་མི་སྐད་སྨྲ་བའི་བསམ་བློའི་རེ་འབོད་རེད
 
གཞུང་ལུགས་ཀྱིས་རྣ་དབང་ཉམས་པར་བྱས་པའི་སྒྱིད་ལུགས་པ་དེ་ཚོར
རང་མགོ་མི་ཐོན་པར་གཞན་སྐྱོབ་ལ་བྲེལ་བའི་ཚུལ་ཆོས་མཁན་དེ་ཚོར
སྨྱུ་གུ་འདིས་ཀྱང    ཡེ་ནས་སྐད་ཆ་བཤད་འདོད་མེད
སྨྱུ་གུ་འདི  རང་གི་འཚོ་བའི་ཆེད་དུ་ངུ་གྱིན་འདུག
སྨྱུ་གུ་འདི  དེ་རིང་གི་འགྲན་རྩོད་ཀྱི་ཁྲོད་ན་ངུ་གྱིན་འདུག

 
ཁྱོད་ཀྱིས་གསལ་བོར་ལྟོས་དང
སྨྱུ་གུ་འདིས་ཁྱོད་ལ་ལམ་སྣེ་ཞིག་སྟོན་གྱིན་འདུག
ལམ་སྣེ་དེ་འཇའ་རིས་ཀྱིས་གྲུབ་པའི་ཐར་ལམ་ཟེར་བ་དེ་མིན་པར
རང་གི་འཁོར་བ་འདིའི་སྐྱ་ཐང་ཐིང་གི་འཚོ་ལམ་གཉོམ་པོ་དེ་རེད
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁྱོད་ཀྱིས་སོམས་དང་།

2011-05-11 ཀླད་གོར། ཀློག་གྲངས། མཆན ཡོད།

 

ཁྱོད་ཀྱིས་ཞིབ་མོས་ཉོན་དང
སྨྱུ་གུ་འདིས་སྐད་ཆ་ཞིག་ཤོད་ཀྱིན་འདུག
འདི་ནི་མིས་ལྷ་སྐད་སྨྲ་བའི་སྐད་ཆ་མིན་པར
རང་གི་ལྟོ་བའི་ཆེད་དུ་མི་སྐད་སྨྲ་བའི་བསམ་བློའི་རེ་འབོད་རེད
 
གཞུང་ལུགས་ཀྱིས་རྣ་དབང་ཉམས་པར་བྱས་པའི་སྒྱིད་ལུགས་པ་དེ་ཚོར
རང་མགོ་མི་ཐོན་པར་གཞན་སྐྱོབ་ལ་བྲེལ་བའི་ཚུལ་ཆོས་མཁན་དེ་ཚོར
སྨྱུ་གུ་འདིས་ཀྱང    ཡེ་ནས་སྐད་ཆ་བཤད་འདོད་མེད
སྨྱུ་གུ་འདི  རང་གི་འཚོ་བའི་ཆེད་དུ་ངུ་གྱིན་འདུག
སྨྱུ་གུ་འདི  དེ་རིང་གི་འགྲན་རྩོད་ཀྱི་ཁྲོད་ན་ངུ་གྱིན་འདུག

 
ཁྱོད་ཀྱིས་གསལ་བོར་ལྟོས་དང
སྨྱུ་གུ་འདིས་ཁྱོད་ལ་ལམ་སྣེ་ཞིག་སྟོན་གྱིན་འདུག
ལམ་སྣེ་དེ་འཇའ་རིས་ཀྱིས་གྲུབ་པའི་ཐར་ལམ་ཟེར་བ་དེ་མིན་པར
རང་གི་འཁོར་བ་འདིའི་སྐྱ་ཐང་ཐིང་གི་འཚོ་ལམ་གཉོམ་པོ་དེ་རེད
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།