གློག་ཀླད་ངོས་ཀྱི་མིག༼ཞར་བཀོད་གཅིག་ཡོད༽


རིག་རིག་འགུལ་བྱེད་ཀྱི་མིག་ཆུ་སྐམ་ཚར།
རྡོ་རིལ་ཞིག་རྡོ་ཡི་ཡོལ་གོ་རུ་བསྐོར་བ་ཇི་བཞིན།
ན་ཟུག་དང་བཅས་འབྱེད་འཛུམ་ཙམ་བྱས་པར།
ཟ་ཟུར་ནས་རྡོ་ཡི་ཟེགས་མ་འབབ།
ཡུད་ཙམ་ལ་མིག་ཟུང་བཙུམས་པའི་འབྲས་བུར།
གཏིང་ནག་གི་རྒྱ་མཚོ་ཁྱོར་གང་རྙེད།
 
      ༼དེ་དུས། ཡང་ན་ཨང་ཀི་ལེན་པ༽
 
ལྕགས་ཀྱི་མཆུ་ཏོ་ཐོགས་པའི་འབུ་སྦྲང་དག་གིས།
སྣོད་བཅུད་ཀྱི་ཟུངས་ཁྲག་ཡོངས་སུ་བཞིབས་པས།
འཇིག་རྟེན་ལ་བྲག་ཅ་གཅིག་ཁོ་ན་མཆེད།
ནས་འབྲུ་སྤར་མོ་གང་སྒོག་མིད་བརྒྱབ་རྗེས།
བུ་དང་ཚ་བོ་གང་རུང་གི་ཨང་ཀིར་སྒུག
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གློག་ཀླད་ངོས་ཀྱི་མིག༼ཞར་བཀོད་གཅིག་ཡོད༽

2011-05-10 འཆིང་གྲོལ། ཀློག་གྲངས། མཆན ཡོད།


རིག་རིག་འགུལ་བྱེད་ཀྱི་མིག་ཆུ་སྐམ་ཚར།
རྡོ་རིལ་ཞིག་རྡོ་ཡི་ཡོལ་གོ་རུ་བསྐོར་བ་ཇི་བཞིན།
ན་ཟུག་དང་བཅས་འབྱེད་འཛུམ་ཙམ་བྱས་པར།
ཟ་ཟུར་ནས་རྡོ་ཡི་ཟེགས་མ་འབབ།
ཡུད་ཙམ་ལ་མིག་ཟུང་བཙུམས་པའི་འབྲས་བུར།
གཏིང་ནག་གི་རྒྱ་མཚོ་ཁྱོར་གང་རྙེད།
 
      ༼དེ་དུས། ཡང་ན་ཨང་ཀི་ལེན་པ༽
 
ལྕགས་ཀྱི་མཆུ་ཏོ་ཐོགས་པའི་འབུ་སྦྲང་དག་གིས།
སྣོད་བཅུད་ཀྱི་ཟུངས་ཁྲག་ཡོངས་སུ་བཞིབས་པས།
འཇིག་རྟེན་ལ་བྲག་ཅ་གཅིག་ཁོ་ན་མཆེད།
ནས་འབྲུ་སྤར་མོ་གང་སྒོག་མིད་བརྒྱབ་རྗེས།
བུ་དང་ཚ་བོ་གང་རུང་གི་ཨང་ཀིར་སྒུག
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།