ས་རུབ་ཁར་ཡང་འདི་ལྟར་བྲིས།


བྱེའུ་ཞིག་འཕུར་མ་ལེབ་ཀྱིས
ཕྱིར་རྩྭ་གསེབ་ཏུ་འཛུལ
དགུན་ཁའི་དབང་བསྒྱུར་གྱིས
ཁྱིམ་མལ་འཁྱག་པོར་བཟོས
རང་ཉིད་ཀྱི་བརྩེ་བ་འཕུར་འཕུར་གྱིས
ལུང་ཁོག་ན་འཁྱིལ་བའི་ཡུལ་ལྗོངས་སུ་ཉུལ
སླུར་ལེན་གྱི་བརྩེ་བ་གཏན་བྲལ་དུ་གྱུར་ནའང
འདང་བརྩེ་རུམ་ལ་བཅུག་པའི་ཉི་ཟེར
ཁེར་ཁྱིམ་དུ་ལུས་པའི་ཁྱིམ་ཚང་རེ་རེའི
སྒོ་ཁའི་ཚ་གསུར་གྱི་དུ་བ་དང་ལྷན་དུ
སྐྱེ་ལྡན་མང་པོ་འབྱིན་རྔུབ་དུ་འགྲོ་བཞིན་མཆིས
ཁེར་རྐྱང་ངང
ས་ནག་གི་སྲང་ལམ་འཁྱར་འཁྱོར་དེད་ནས
གནའ་གཏམ་འཆད་པའི་རྒན་པོ་ཚོའི
ལོགས་འགྲམ་བརྒྱུད
སུ་ཡིས་ཀྱང་མཐོང་ལམ་དུ་མངོན་མྱོང་བའི
མཁར་གྱང་ཧྲལ་ཧྲུལ
ད་ལྟ་བརྡ་ཁྱབ་ཀྱི་ཤོག་བྱང་ཙམ
 
སྙིང་ཆུང་འཕུར་ལྡིང་གི་སྐྱེས་ལམ་ནས
དགུན་ཁ་དང་ངེད་གཉིས་ཁ་ངོ་འཕྲད་སོང
དཀར་གསལ་ལེར་ཡོད་པའི་ཁ་བ་དང་རྩྭ་སྐྱ་བུད་སོང
ནག་ཐར་ཐོར་ལུས་པའི་ནོར་ནག་དང་སྦྲ་ནག་གྱེས་སོང
རང་ཉིད་ནི་ཁ་དབུགས་ཙམ་དུ་ཟད་ནའང
གནའ་བོའི་གཡག་རོག་དག་གི་ཀོ་ལྤགས་དུ་མ་འཛུལ
ཁ་རོག་གི་སྒེའུ་ཁུང་ཞིག
ཕྱིར་ལོག་པའི་ལམ་ནས་རྙེད
ཉི་མ་རི་ལ་ནུབ་པའི་ཕག་བརྒྱབ་ནས
བྲག་ཐོ་ཐར་ཐོར་སྐྱེས་པའི་གསེབ་ནས
རང་གི་རྡོག་སྒྲ་ཡི་བསམ་གཞིག
རྣ་བའི་ལྟག་རྒྱབ་ནས
གང་ཞིག་ལའང་འགུལ་རྒྱུ་མེད་པའི་རི་བོ་དག་ལ་བཏབ
རྗེས་ཞིག་ནས
བྱེའུ་ཞིག་ལ་སྐྱོན་མི་སྐྱོན་གྱི་སྐད་ཅིག་འཁྱེར་དུ་བཅུག
                                                                          11.27 
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ས་རུབ་ཁར་ཡང་འདི་ལྟར་བྲིས།

2011-05-10 རླུང་བུ། ཀློག་གྲངས། མཆན ཡོད།


བྱེའུ་ཞིག་འཕུར་མ་ལེབ་ཀྱིས
ཕྱིར་རྩྭ་གསེབ་ཏུ་འཛུལ
དགུན་ཁའི་དབང་བསྒྱུར་གྱིས
ཁྱིམ་མལ་འཁྱག་པོར་བཟོས
རང་ཉིད་ཀྱི་བརྩེ་བ་འཕུར་འཕུར་གྱིས
ལུང་ཁོག་ན་འཁྱིལ་བའི་ཡུལ་ལྗོངས་སུ་ཉུལ
སླུར་ལེན་གྱི་བརྩེ་བ་གཏན་བྲལ་དུ་གྱུར་ནའང
འདང་བརྩེ་རུམ་ལ་བཅུག་པའི་ཉི་ཟེར
ཁེར་ཁྱིམ་དུ་ལུས་པའི་ཁྱིམ་ཚང་རེ་རེའི
སྒོ་ཁའི་ཚ་གསུར་གྱི་དུ་བ་དང་ལྷན་དུ
སྐྱེ་ལྡན་མང་པོ་འབྱིན་རྔུབ་དུ་འགྲོ་བཞིན་མཆིས
ཁེར་རྐྱང་ངང
ས་ནག་གི་སྲང་ལམ་འཁྱར་འཁྱོར་དེད་ནས
གནའ་གཏམ་འཆད་པའི་རྒན་པོ་ཚོའི
ལོགས་འགྲམ་བརྒྱུད
སུ་ཡིས་ཀྱང་མཐོང་ལམ་དུ་མངོན་མྱོང་བའི
མཁར་གྱང་ཧྲལ་ཧྲུལ
ད་ལྟ་བརྡ་ཁྱབ་ཀྱི་ཤོག་བྱང་ཙམ
 
སྙིང་ཆུང་འཕུར་ལྡིང་གི་སྐྱེས་ལམ་ནས
དགུན་ཁ་དང་ངེད་གཉིས་ཁ་ངོ་འཕྲད་སོང
དཀར་གསལ་ལེར་ཡོད་པའི་ཁ་བ་དང་རྩྭ་སྐྱ་བུད་སོང
ནག་ཐར་ཐོར་ལུས་པའི་ནོར་ནག་དང་སྦྲ་ནག་གྱེས་སོང
རང་ཉིད་ནི་ཁ་དབུགས་ཙམ་དུ་ཟད་ནའང
གནའ་བོའི་གཡག་རོག་དག་གི་ཀོ་ལྤགས་དུ་མ་འཛུལ
ཁ་རོག་གི་སྒེའུ་ཁུང་ཞིག
ཕྱིར་ལོག་པའི་ལམ་ནས་རྙེད
ཉི་མ་རི་ལ་ནུབ་པའི་ཕག་བརྒྱབ་ནས
བྲག་ཐོ་ཐར་ཐོར་སྐྱེས་པའི་གསེབ་ནས
རང་གི་རྡོག་སྒྲ་ཡི་བསམ་གཞིག
རྣ་བའི་ལྟག་རྒྱབ་ནས
གང་ཞིག་ལའང་འགུལ་རྒྱུ་མེད་པའི་རི་བོ་དག་ལ་བཏབ
རྗེས་ཞིག་ནས
བྱེའུ་ཞིག་ལ་སྐྱོན་མི་སྐྱོན་གྱི་སྐད་ཅིག་འཁྱེར་དུ་བཅུག
                                                                          11.27 
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།