འཛིན་མ་ཐུབ་པའི་མཆི་མ།


ལས་ཀྱི་རི་མོ་རླུང་གིས་ཁུར་ནས །
ངའི་སེམས་ནང་དུ་ཁ་བ་བཞིན་བབས་བྱུང་།
གངས་རྡུལ་བཞིན་མྱ་ངན་གྱིས་ཞུ་སོང་།
མཆི་མ་རུ་གྱུར་དེ་མིག་ནང་ནས་བཞུར་བྱུང་།
ཨ་མ ། ཁྱོད་ཀྱིས་ང་རང་དྲན་པས་ཨེ་རེད །
 
 
བདེན་པས་བདེན་པ་འཚོལ་བཞིན།
ཁེར་རྐྱང་དུ་ངས་ཅི་ཞིག་དྲན་གྱིན་པའི་ཚོར་བ་ཞིག་རྙེད་བྱུང་།
ཨ་མ ། ངས་ཁྱོད་ལ་འདྲི །
ཁྱོད་ཀྱིས་ང་ལ་སེམས་པ་སྤྲོ་བའི་གླུ་ཆུང་ཞིག་ལེན་ཨེ་ཆོག
ང་གཉིད་མ་ཁུག་པའི་དུས་སུ །
བྱིས་དུས་སུ་ངའི་རྨི་ལམ་ལ་འཁོར་བའི་གླུ་དེ །
 
 
ཕ་ཡུལ་གྱི་ཁ་བ་དང་ཁྱེད་ཀྱི་སྐྲ་ལོ་དཀར་པོ །
ལག་གཉིས་སྲིང་བའི་ལུང་མདོ་དེ་ན་རླུང་གིས་ཁུར་གྱིན་ང་ལ་བསྒུག་ཡོད་དམ །
དར་ལྕོག་གི་ངུ་སྐད་དང་ལྷན་དུ་བདག་གི་རྣ་བ་རུ་ཁྱེད་ཀྱི་གསུང་སྐད་ཐོས་བྱུང་།
ཨ་མ ། ཁྱེད་ཀྱིས་བུ་ཆུང་ང་ལ་སྐད་བཏང་བ་ཨེ་རེད །
ཟླ་བ་གོར་མོ་འདིས་ཁྱེད་ཀྱི་གཟུགས་རིས་སྐྱེལ་ནས་བདག་གི་སྙིང་ལ་སླེབས་བྱུང་།
 
 
གྲངས་འབོར་མེད་པའི་མཆི་མའི་ཕུང་པོ་འདི་དག
ཤི་ལ་ཉེ་བའི་གྲོང་ཁྱེར་གྱི་གློག་འོད་དང་འགྲོགས་ནས །
མེ་ཏོག་སྣ་བརྒྱའི་གཟུགས་སུ་སྤྲུལ་ཏེ།
ཁྱེད་ཀྱི་ལྷན་སྐྱེས་ཀྱི་བརྩེ་བ་ཁུར་ནས་ངའི་རྨི་ལམ་ནང་དུ་བཞད་བྱུང་།
ཨ་མ ། ཁྱེད་ཀྱི་སྐྱོ་བ་སེམས་ལ་བཞུར་གྱིན་པས་ཨེ་རེད།
མཆི་མ་སེམས་ནས་བཞུར་ཡང་། མིག་གིས་མཆི་མ་མ་ཟིན །
 
                            ༢༠༡༡ལོའི་ཟླ༤པའི་ཚེས༡ཉིན་ཉི་མའི་གྲོང་དུ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འཛིན་མ་ཐུབ་པའི་མཆི་མ།

2011-05-09 ས་དམར་གྲགས་པ། ཀློག་གྲངས། མཆན ཡོད།


ལས་ཀྱི་རི་མོ་རླུང་གིས་ཁུར་ནས །
ངའི་སེམས་ནང་དུ་ཁ་བ་བཞིན་བབས་བྱུང་།
གངས་རྡུལ་བཞིན་མྱ་ངན་གྱིས་ཞུ་སོང་།
མཆི་མ་རུ་གྱུར་དེ་མིག་ནང་ནས་བཞུར་བྱུང་།
ཨ་མ ། ཁྱོད་ཀྱིས་ང་རང་དྲན་པས་ཨེ་རེད །
 
 
བདེན་པས་བདེན་པ་འཚོལ་བཞིན།
ཁེར་རྐྱང་དུ་ངས་ཅི་ཞིག་དྲན་གྱིན་པའི་ཚོར་བ་ཞིག་རྙེད་བྱུང་།
ཨ་མ ། ངས་ཁྱོད་ལ་འདྲི །
ཁྱོད་ཀྱིས་ང་ལ་སེམས་པ་སྤྲོ་བའི་གླུ་ཆུང་ཞིག་ལེན་ཨེ་ཆོག
ང་གཉིད་མ་ཁུག་པའི་དུས་སུ །
བྱིས་དུས་སུ་ངའི་རྨི་ལམ་ལ་འཁོར་བའི་གླུ་དེ །
 
 
ཕ་ཡུལ་གྱི་ཁ་བ་དང་ཁྱེད་ཀྱི་སྐྲ་ལོ་དཀར་པོ །
ལག་གཉིས་སྲིང་བའི་ལུང་མདོ་དེ་ན་རླུང་གིས་ཁུར་གྱིན་ང་ལ་བསྒུག་ཡོད་དམ །
དར་ལྕོག་གི་ངུ་སྐད་དང་ལྷན་དུ་བདག་གི་རྣ་བ་རུ་ཁྱེད་ཀྱི་གསུང་སྐད་ཐོས་བྱུང་།
ཨ་མ ། ཁྱེད་ཀྱིས་བུ་ཆུང་ང་ལ་སྐད་བཏང་བ་ཨེ་རེད །
ཟླ་བ་གོར་མོ་འདིས་ཁྱེད་ཀྱི་གཟུགས་རིས་སྐྱེལ་ནས་བདག་གི་སྙིང་ལ་སླེབས་བྱུང་།
 
 
གྲངས་འབོར་མེད་པའི་མཆི་མའི་ཕུང་པོ་འདི་དག
ཤི་ལ་ཉེ་བའི་གྲོང་ཁྱེར་གྱི་གློག་འོད་དང་འགྲོགས་ནས །
མེ་ཏོག་སྣ་བརྒྱའི་གཟུགས་སུ་སྤྲུལ་ཏེ།
ཁྱེད་ཀྱི་ལྷན་སྐྱེས་ཀྱི་བརྩེ་བ་ཁུར་ནས་ངའི་རྨི་ལམ་ནང་དུ་བཞད་བྱུང་།
ཨ་མ ། ཁྱེད་ཀྱི་སྐྱོ་བ་སེམས་ལ་བཞུར་གྱིན་པས་ཨེ་རེད།
མཆི་མ་སེམས་ནས་བཞུར་ཡང་། མིག་གིས་མཆི་མ་མ་ཟིན །
 
                            ༢༠༡༡ལོའི་ཟླ༤པའི་ཚེས༡ཉིན་ཉི་མའི་གྲོང་དུ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།