ཁེར་རྐྱང་། སྡུག་བསྔལ།

ཀླད་གོར།༼རྨ་ལྷོ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-05-06

 

ང་ཁེར་རྐྱང་ཡིན་པ་སུས་ཀྱང་ཤེས་མོད
ཁེར་རྐྱང་གི་འཚོ་བ་འདི་ཇི་འདྲའི་སྡུག་པ
ཨ་མས་ཀྱང་དོ་ཁུར་བྱེད་ཀྱིན་མེད་པ་འདྲ
 
ངས་དོ་ནུབ་དགོང་ཟས་ཟ་དུས
ཅི་ཡང་ཐོས་རྒྱུ་མེད་པའི་ཁང་མིག་འདི
ང་ལ་ཉེ་མིས་གནང་བའི་བཙོན་ཁང་ཡིན་པ་ཚོར་བྱུང
ང་ཆུང་དུས་ནས་འདི་ལྟར་གཅིག་པུ་བསྡད་པ་ཡིན
ཨ་མས་ང་ལ་རྒྱུན་དུ་ངའི་འཚོ་བ་འདི་སྐྱིད་རབས་བཤད་ནས
ང་ལའང་ཅུང་གོམས་སུ་བཅུག་སོང
གཞན་གྱིས་སྐད་ཅིག་ལ་རོལ་མི་འདོད་པའི་འཚོ་བ་འདི
ངས་དང་ལེན་བྱེད་དགོས་པ་ལྷ་སྒྲུང་དང་རྨི་ལམ་ལྟ་བུ་ཞིག་རེད་ཨང
 
ངས་གསོན་ཤུགས་ལྡན་པའི་རང་གི་ལང་ཚོ་འདི
ཁེར་རྐྱང་ཁེར་རྐྱང་དུ་རྒས་སུ་བཅུག་པ
ཨ་མ་དང་མིངསྲིང་ཚོ་བསམ་པ་ཡིན
                           2008.8.6ཉིན་གྱི་དགོང་མོར།

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁེར་རྐྱང་། སྡུག་བསྔལ།

2011-05-06 ཀླད་གོར།༼རྨ་ལྷོ༽ ཀློག་གྲངས། མཆན ཡོད།

 

ང་ཁེར་རྐྱང་ཡིན་པ་སུས་ཀྱང་ཤེས་མོད
ཁེར་རྐྱང་གི་འཚོ་བ་འདི་ཇི་འདྲའི་སྡུག་པ
ཨ་མས་ཀྱང་དོ་ཁུར་བྱེད་ཀྱིན་མེད་པ་འདྲ
 
ངས་དོ་ནུབ་དགོང་ཟས་ཟ་དུས
ཅི་ཡང་ཐོས་རྒྱུ་མེད་པའི་ཁང་མིག་འདི
ང་ལ་ཉེ་མིས་གནང་བའི་བཙོན་ཁང་ཡིན་པ་ཚོར་བྱུང
ང་ཆུང་དུས་ནས་འདི་ལྟར་གཅིག་པུ་བསྡད་པ་ཡིན
ཨ་མས་ང་ལ་རྒྱུན་དུ་ངའི་འཚོ་བ་འདི་སྐྱིད་རབས་བཤད་ནས
ང་ལའང་ཅུང་གོམས་སུ་བཅུག་སོང
གཞན་གྱིས་སྐད་ཅིག་ལ་རོལ་མི་འདོད་པའི་འཚོ་བ་འདི
ངས་དང་ལེན་བྱེད་དགོས་པ་ལྷ་སྒྲུང་དང་རྨི་ལམ་ལྟ་བུ་ཞིག་རེད་ཨང
 
ངས་གསོན་ཤུགས་ལྡན་པའི་རང་གི་ལང་ཚོ་འདི
ཁེར་རྐྱང་ཁེར་རྐྱང་དུ་རྒས་སུ་བཅུག་པ
ཨ་མ་དང་མིངསྲིང་ཚོ་བསམ་པ་ཡིན
                           2008.8.6ཉིན་གྱི་དགོང་མོར།

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།