ཕྱིར་དྲན་གྱི་མེ་ལོང་དུ་འཁྱོམས་པའི་བརྙན་རིས།

སེང་ཆེན།༼པེ་ཅིང༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-05-05


    ༼དང་པོ༽
ཁ་སྐོམ་རུང
གྲོད་པ་ལྟོགས་ཀྱང
སང་ཉིན་ཀྱི་ཁ་རྒྱབ་དོན་དུ་གཉེར་སླད
དེ་རིང་གི་ང
ཞིང་གི་བརྣངས་མའི་བར་ནས
རི་བོང་དང་བྱིའུ    ད་དུང་འཕྱི་བ་དང་གྲུམ་པ་སོགས
འཇབ་རྒོལ་ལ་བྱང་བའི་དགྲ་དམག་སྲུང་མཁན་གྱི
ཕ་ལོའི་བཀས་བྱིན་གྱི་རླབས་པར་རློམ་པའི
དམག་སྤྱི་ཆུང་ཆུང་དེ་ཡིན
དེ་རིང་གི་ང
སྐོམ་པའི་གདུང་ཡང
ལྟོགས་པའི་གཟིར་རུང
སང་ཉིན་གྱི་གོ་རེ་གཡུས་མ་དང
ཨ་མའི་བཟོས་པའི་ཞོག་ཁོག་གི་ཚོད་མ
ད་དུང  སྲན་མ་བསྔས་མ་དང
ཉི་དགའ་མེ་ཏོག་གི་འབྲུ་གུའི་སླད་དུ
དེ་རིང་གི་ལྟོགས་སྐོམ
རེ་བས་འཐུང་ལ་འདོད་པས་བཟས
          ༼གཉིས་པ༽
བྲོ་ཁ་རྫོགས་སོང་རུང                ངས་མཚར་སྣང་ཞིག་གིས
རི་བོང་གི་རུ་མ་འགའ་ཐལ་མོས་བྱུར་བུར་བཏང་རྗེས
ཨ་ཕའི་ཁུག་མ་ལས་བརྐུས་པའི་ཤོག་ཐུམ་དག་གི་ནང་དུ་བསྐྱིལ་ཞོར
དགུང་ལ་སྙེག་ཅིང་སྤྲིན་དང་འདྲེས་པར་ཉེ་བའི
དུ་བ་མཇུག་རིང་གི་མཇུག་མ་ལ་འོ་རེ་བྱེད་ཞོར
རྔུབ་ཐེངས་ཤིག་གིས་ཁོག་ཏུ་མིད་ཅིང
འབྱིན་ཐེངས་ཤིག་གིས་སྣའི་ཁུང་བུ་བརྒྱུད་ནས་སྒོར་སྤྱུགས
དེ་ནི          འབྲོག་པའི་ཨ་མ་ཞིག་གིས་སྦྱིན་པའི་སྤ་རྡོག་རྡོག་ཅིག་དང་འདྲ་ལ
རོང་བའི་ཨ་མ་ཞིག་གིས་གནང་བའི་གོ་རེ་གཡུས་མ་ཞིག་དང་ཇི་འདྲའི་མཚུངས
            ༼གསུམ་པ༽
རོང་མ་འབྲོག་གི་ཕ་ཡུལ་འདི
འབྲོག་པ་རྒན་པོའི་འུར་ཆ་དང་མཉམ་དུ་རྒས་ཀྱིན་འདུག
རྒས་སྟངས་དེ་ནག་མོ་གཉིད་ལ་ཤོར་བ་ཙམ་མ་ཡིན་པར
གྱི་ལིང་ཞིག་གི་གོམ་ཁ་རྒུད་པའི་ལོ་རྒྱུས་རེད
ས་མ་འབྲོག་གི་ཕ་ཡུལ་འདི
ཞིང་བ་རྒན་པོའི་ཐོང་གཤོལ་དུ་ལྷན་དུ་ཟད་ཀྱིན་འདུག
ཟད་སྟངས་འདི་འཕྱི་བས་ཞོག་ཁོག་བསློགས་པ་ཙམ་མ་ཡིན་པར
གཤིན་ས་ཆུ་ཡིས་འཁུར་བའི་ལོ་རྒྱུས་རེད
                         ༢༠༡༠  ༧  ༢༠

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཕྱིར་དྲན་གྱི་མེ་ལོང་དུ་འཁྱོམས་པའི་བརྙན་རིས།

2011-05-05 སེང་ཆེན།༼པེ་ཅིང༽ ཀློག་གྲངས། མཆན ཡོད།


    ༼དང་པོ༽
ཁ་སྐོམ་རུང
གྲོད་པ་ལྟོགས་ཀྱང
སང་ཉིན་ཀྱི་ཁ་རྒྱབ་དོན་དུ་གཉེར་སླད
དེ་རིང་གི་ང
ཞིང་གི་བརྣངས་མའི་བར་ནས
རི་བོང་དང་བྱིའུ    ད་དུང་འཕྱི་བ་དང་གྲུམ་པ་སོགས
འཇབ་རྒོལ་ལ་བྱང་བའི་དགྲ་དམག་སྲུང་མཁན་གྱི
ཕ་ལོའི་བཀས་བྱིན་གྱི་རླབས་པར་རློམ་པའི
དམག་སྤྱི་ཆུང་ཆུང་དེ་ཡིན
དེ་རིང་གི་ང
སྐོམ་པའི་གདུང་ཡང
ལྟོགས་པའི་གཟིར་རུང
སང་ཉིན་གྱི་གོ་རེ་གཡུས་མ་དང
ཨ་མའི་བཟོས་པའི་ཞོག་ཁོག་གི་ཚོད་མ
ད་དུང  སྲན་མ་བསྔས་མ་དང
ཉི་དགའ་མེ་ཏོག་གི་འབྲུ་གུའི་སླད་དུ
དེ་རིང་གི་ལྟོགས་སྐོམ
རེ་བས་འཐུང་ལ་འདོད་པས་བཟས
          ༼གཉིས་པ༽
བྲོ་ཁ་རྫོགས་སོང་རུང                ངས་མཚར་སྣང་ཞིག་གིས
རི་བོང་གི་རུ་མ་འགའ་ཐལ་མོས་བྱུར་བུར་བཏང་རྗེས
ཨ་ཕའི་ཁུག་མ་ལས་བརྐུས་པའི་ཤོག་ཐུམ་དག་གི་ནང་དུ་བསྐྱིལ་ཞོར
དགུང་ལ་སྙེག་ཅིང་སྤྲིན་དང་འདྲེས་པར་ཉེ་བའི
དུ་བ་མཇུག་རིང་གི་མཇུག་མ་ལ་འོ་རེ་བྱེད་ཞོར
རྔུབ་ཐེངས་ཤིག་གིས་ཁོག་ཏུ་མིད་ཅིང
འབྱིན་ཐེངས་ཤིག་གིས་སྣའི་ཁུང་བུ་བརྒྱུད་ནས་སྒོར་སྤྱུགས
དེ་ནི          འབྲོག་པའི་ཨ་མ་ཞིག་གིས་སྦྱིན་པའི་སྤ་རྡོག་རྡོག་ཅིག་དང་འདྲ་ལ
རོང་བའི་ཨ་མ་ཞིག་གིས་གནང་བའི་གོ་རེ་གཡུས་མ་ཞིག་དང་ཇི་འདྲའི་མཚུངས
            ༼གསུམ་པ༽
རོང་མ་འབྲོག་གི་ཕ་ཡུལ་འདི
འབྲོག་པ་རྒན་པོའི་འུར་ཆ་དང་མཉམ་དུ་རྒས་ཀྱིན་འདུག
རྒས་སྟངས་དེ་ནག་མོ་གཉིད་ལ་ཤོར་བ་ཙམ་མ་ཡིན་པར
གྱི་ལིང་ཞིག་གི་གོམ་ཁ་རྒུད་པའི་ལོ་རྒྱུས་རེད
ས་མ་འབྲོག་གི་ཕ་ཡུལ་འདི
ཞིང་བ་རྒན་པོའི་ཐོང་གཤོལ་དུ་ལྷན་དུ་ཟད་ཀྱིན་འདུག
ཟད་སྟངས་འདི་འཕྱི་བས་ཞོག་ཁོག་བསློགས་པ་ཙམ་མ་ཡིན་པར
གཤིན་ས་ཆུ་ཡིས་འཁུར་བའི་ལོ་རྒྱུས་རེད
                         ༢༠༡༠  ༧  ༢༠

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།