ཆར་བའི་རྗེས་སུ།


གཙང་མར་བཀྲུས་པའི་སེམས་པ་དེ་ཁོ་ན།
སུ་ལའང་ངོམ་ཆོག་ཆོག་གི་ནོར་བུར་བརྩིས་ནས།
ཤྭ་འོད་ཀྱིས་འདེད་བཞིན་པའི་ནག་ནོག་ལ།
གཉུག་མར་གནས་པའི་གཤིས་ཀ་དེ་བསྲེས་མ་ཕོད།
 
མི་ཚེ་ནི་ཆར་བས་སྦངས་པའི་ན་ནིང་གི་ལོ་མ་དེ་ཡིན་ན།
མི་ལོ་སྟོང་ཕྲག་ལ་མཁྲེགས་རེངས་སུ་སོང་བའི་བྱས་ཉེས་མཐའ་དག
ད་ནི་ཨེན་ཙམ་ཨེན་ཙམ་གྱིས་ནེམ་པར་གྱུར་འདུག
 
ས་གཞིའི་ཁ་རླངས་ནག་པོ་དེས་ནམ་མཁའ་བསྒྲིབས་ཤིང་།
སྙིགས་མའི་འཇིག་རྟེན་གྱི་རྡོ་དུག་དང་བྱེ་རྡུལ།
རང་ཅག་གི་ཁ་དང་མིག་ལ་འཚངས་འོངས་དུས།
གློ་ལུ་གཅིག་རྒྱག་བྱེད་ཀྱི་ཤེད་ཤུགས་ནི་ཇི་འདྲའི་མཁོ་ཨང་།
 
འཇིག་རྟེན་འདིའི་དབུགས་རྒྱུན་ཆད་དུས་སམ།
ལུད་པ་སྲ་མོ་ཞིག་བཙན་གྱིས་འཕངས་པའི་ཤུལ་ནས།
སྔོ་བསངས་ཀྱི་ནམ་མཁའ་ཡུག་ཅིག་མཐོང་ཐུབ།
 
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཆར་བའི་རྗེས་སུ།

2011-05-05 འཆིང་གྲོལ། ཀློག་གྲངས། མཆན ཡོད།


གཙང་མར་བཀྲུས་པའི་སེམས་པ་དེ་ཁོ་ན།
སུ་ལའང་ངོམ་ཆོག་ཆོག་གི་ནོར་བུར་བརྩིས་ནས།
ཤྭ་འོད་ཀྱིས་འདེད་བཞིན་པའི་ནག་ནོག་ལ།
གཉུག་མར་གནས་པའི་གཤིས་ཀ་དེ་བསྲེས་མ་ཕོད།
 
མི་ཚེ་ནི་ཆར་བས་སྦངས་པའི་ན་ནིང་གི་ལོ་མ་དེ་ཡིན་ན།
མི་ལོ་སྟོང་ཕྲག་ལ་མཁྲེགས་རེངས་སུ་སོང་བའི་བྱས་ཉེས་མཐའ་དག
ད་ནི་ཨེན་ཙམ་ཨེན་ཙམ་གྱིས་ནེམ་པར་གྱུར་འདུག
 
ས་གཞིའི་ཁ་རླངས་ནག་པོ་དེས་ནམ་མཁའ་བསྒྲིབས་ཤིང་།
སྙིགས་མའི་འཇིག་རྟེན་གྱི་རྡོ་དུག་དང་བྱེ་རྡུལ།
རང་ཅག་གི་ཁ་དང་མིག་ལ་འཚངས་འོངས་དུས།
གློ་ལུ་གཅིག་རྒྱག་བྱེད་ཀྱི་ཤེད་ཤུགས་ནི་ཇི་འདྲའི་མཁོ་ཨང་།
 
འཇིག་རྟེན་འདིའི་དབུགས་རྒྱུན་ཆད་དུས་སམ།
ལུད་པ་སྲ་མོ་ཞིག་བཙན་གྱིས་འཕངས་པའི་ཤུལ་ནས།
སྔོ་བསངས་ཀྱི་ནམ་མཁའ་ཡུག་ཅིག་མཐོང་ཐུབ།
 
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།