ཕ་ཡུལ་དང་ཉེ་བར་བཅར་བ།

 

བཞུད་འཕྱིས་པའི་རྣམ་ཤེས་ལོགས་ནས་ཕྱིར་ཡོང
མིག་ཆུ་བརྡོལ་ནས་དུངས་སེམས་ཀྱི་བྲག་རྡོ་ལ་རི་མོ་ཕབ
དྲག་ཆར   དགོད་སྒྲའི་འབབ་དུས
ན་ཚོད་དང་ནང་སེམས་ལ་འཇའ་ཚོན་བསྣན
ཁ་བ    གདུང་སེམས་ཀྱི་བྱོ་དུས
ཡུལ་མི་ཚོས་བཤུལ་ལམ་ལ་སྒོ་ཁྱིའི་ཟུག་སྐད་ཅི་ཡང་མ་འཁོར
དུངས་དུངས་ཀྱི་གླུ་གཞས་ཤིག་གིས་ཕ་ཡུལ་དང་ཉེ་བར་བཅར་འོང
སྔོ་ཐིང་ཐིང་གི་དབྱིངས་རིམ་གྱིས་སྤྲིན་པ་ཞིག་རུམ་དུ་བཅུག་བྱུང
ཕ་ཡུལ་རྙེད་པའི་སྔ་གཞུག་ཏུ
འཁོར་སྔ་བའི་རྒོད་པོ་ཞིག་གིས
ལྡིང་སྐོར་ཡང་ཡང་བརྒྱབ
ཕ་ཡུལ་ལགས   ཕ་རོལ་ཕ་རོལ་བསམ་བསམ་ནས
ངས་རང་གི་ཁུར་བོ་བརྗེད་སོང
ཡ་ཆུང་ན་ལྡིང་བའི་ཤེའུ་ཡི་མེ་ཏོག་རྨི་ལམ་སུ་གྱུར
ངའི་མིག་ཆུ  ངའི་གླུ་སྐད
སླེབས་སྔ་བའི་ཁུ་བྱུག་གི་ཁྱེར་ཡོང་བ
ཕ་ཡུལ     ཁྱེད་ལས་སུ་ལ་གསལ
 
                             ༢༠༠༩  ༡༠   ༥
 
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཕ་ཡུལ་དང་ཉེ་བར་བཅར་བ།

2011-05-05 རླུང་བུ། ཀློག་གྲངས། མཆན ཡོད།

 

བཞུད་འཕྱིས་པའི་རྣམ་ཤེས་ལོགས་ནས་ཕྱིར་ཡོང
མིག་ཆུ་བརྡོལ་ནས་དུངས་སེམས་ཀྱི་བྲག་རྡོ་ལ་རི་མོ་ཕབ
དྲག་ཆར   དགོད་སྒྲའི་འབབ་དུས
ན་ཚོད་དང་ནང་སེམས་ལ་འཇའ་ཚོན་བསྣན
ཁ་བ    གདུང་སེམས་ཀྱི་བྱོ་དུས
ཡུལ་མི་ཚོས་བཤུལ་ལམ་ལ་སྒོ་ཁྱིའི་ཟུག་སྐད་ཅི་ཡང་མ་འཁོར
དུངས་དུངས་ཀྱི་གླུ་གཞས་ཤིག་གིས་ཕ་ཡུལ་དང་ཉེ་བར་བཅར་འོང
སྔོ་ཐིང་ཐིང་གི་དབྱིངས་རིམ་གྱིས་སྤྲིན་པ་ཞིག་རུམ་དུ་བཅུག་བྱུང
ཕ་ཡུལ་རྙེད་པའི་སྔ་གཞུག་ཏུ
འཁོར་སྔ་བའི་རྒོད་པོ་ཞིག་གིས
ལྡིང་སྐོར་ཡང་ཡང་བརྒྱབ
ཕ་ཡུལ་ལགས   ཕ་རོལ་ཕ་རོལ་བསམ་བསམ་ནས
ངས་རང་གི་ཁུར་བོ་བརྗེད་སོང
ཡ་ཆུང་ན་ལྡིང་བའི་ཤེའུ་ཡི་མེ་ཏོག་རྨི་ལམ་སུ་གྱུར
ངའི་མིག་ཆུ  ངའི་གླུ་སྐད
སླེབས་སྔ་བའི་ཁུ་བྱུག་གི་ཁྱེར་ཡོང་བ
ཕ་ཡུལ     ཁྱེད་ལས་སུ་ལ་གསལ
 
                             ༢༠༠༩  ༡༠   ༥
 
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།